ཤེས་རྟོགས་བྱུང་བ་ལྟར་ན། མཛད་སྒོའི་ཡུལ་དངོས་སུ་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་གྱི་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཙུའོ་མིང་། ཁུལ་དཔོན་དབྱང་ཁེ་ཉིང་གཉིས་ཀྱིས་སོ་སོའི་ཐད་ནས་འབར་ཁམས་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཀྲང་པེ་དབྱིན་དང་། གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ།གྲོང་ཁྱེར་གྱི་འགོ་འཛིན་ཏོའུ་ཤོ་ཅེ་ལ་ཐམ་ཀ་གནང་།
གསར་འགོད་པས་འབར་ཁམས་གྲོང་ཁྱེར་ཏང་ཨུའི་དྲིལ་བསྒྲགས་པུའུ་ནས་རྒྱུས་ལོན་བྱུང་པ་ལྟར་ན། སྤྱི་ཟླ་12པའི་ཚེས་29ཉིན་གྱི་ཕྱི་དྲོར། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་འབར་ཁམས་རྫོང་གྲོང་ཁྱེར་དུ་བསྒྱུར་བའི་སྒོ་བྱང་འགེལ་བའི་མཛད་སྒོ་དེ་འབར་ཁམས་གྲོང་ཁྱེར་ཏང་ཨུའི་ཐོག་ཁང་ཆེན་མོ་ནང་འཚོགས། མིག་སྔར། སི་ཁྲོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་རང་སྐྱོང་ཁུལ་གསུམ་གྱི་ཁུལ་སྲིད་གཞུང་དེ་ཚང་མ་གྲོང་ཁྱེར་དུ་འཛུགས་སྐྲུན་བྱེད་པ་མངོན་འགྱུར་བྱུང་ཡོད།། (གཞན་གཉིས་ནི་ལེའང་ཧྲན་ཁུལ་ཞི་ཁྲང་གྲོང་ཁྱེར་དང་དཀར་མཛེས་ཁུལ་དར་མདོ་གྲོང་ཁྱེར་ཡིན།)