ལི་ཁེ་ཆང་དང་མེ་ཏི་ཝེ་ཅི་ཧྥུའུ་རྣམ་གཉིས་ཀྱིས་གློག་འཕྲིན་གྱི་ལམ་ནས་ཕན་ཚུན་ལ་ལོ་གསར་གྱི་རྟེན་འབྲེལ་ཞུས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-01


  སྤྱི་ཟླ་12འི་ཚེས་31ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་དང་ཨུ་རུ་སུའི་ཙུང་ལི་མེ་ཏི་ཝེ་ཅི་ཧྥུའུ་རྣམ་གཉིས་ཀྱིས་གློག་འཕྲིན་གྱི་ལམ་ནས་ཕན་ཚུན་ལ་ལོ་གསར་གྱི་རྟེན་འབྲེལ་ཞུས།

  ལི་ཁེ་ཆང་གིས་མེ་ཏི་ཝེ་ཅི་ཧྥུའུ་ལ་ལོ་གསར་གྱི་སྨོན་འདུན་ཞུས་ཤིང་ཁོང་གིས་དེང་སྐབས་ཀྲུང་གོ་དང་ཨུ་རུ་སུ་གཉིས་འཕེལ་རྒྱས་ཀྱི་གནད་འགག་དུས་སྐབས་ལ་སླེབས་འདུག འཛམ་གླིང་དཔལ་འབྱོར་སྟོབས་ཇེ་ཞན་དུ་གྱུར་བའི་རྒྱབ་ལྗོངས་འོག་ཀྲུང་གོ་དང་ཨུ་རུ་སུ་གཉིས་ཀྱིས་དངོས་དོན་མཉམ་འབྲེལ་གཏིང་ཟབ་ཏུ་སྤེལ་ཞིང་ཕན་ཚུན་གྱི་སྒོ་འབྱེད་རྒྱ་སྐྱེད་པ་རེད། རྒྱལ་ཁབ་གཉིས་མཉམ་དུ་འཕེལ་རྒྱས་སུ་འགྲོ་བའི་མདུན་ལྗོངས་ཆེན་པོ་ལྡན། གནམ་ལོ་གསར་པའི་ནང་བདག་གིས་ཁྱེད་དང་མཉམ་དུ་མུ་མཐུད་དུ་འབྲེལ་འདྲེས་དམ་ཟབ་བྱས་ཏེ་ཕྱོགས་གཉིས་ཀྱི་འབྲེལ་བ་དང་ཕྱོགས་ཡོངས་མཉམ་འབྲེལ་འཕེལ་རྒྱས་སུ་འགྲོ་བར་སྣེ་ཁྲིད་བྱས་ནས་སྔར་ལས་ལེགས་པའི་སྒོ་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲན་འདོད་ཅེས་བསྟན།

  མེ་ཏི་ཝེ་ཅི་ཧྥུའུ་ཡིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་ཨུ་རུ་སུ་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་འབྲེལ་སྔར་བྱུང་མ་མྱོང་བའི་ཆུ་ཚད་དུ་ཐོན་འདུག ང་ཚོས་པེ་ཅིང་དུ་བསྒྲུབས་པའི་སྐབས་གཉིས་པའི་དུས་བཅད་གྲོས་ཚོགས་ལ་རྒྱལ་ཁ་ཐོབ་པ་ལས་ཕྱོགས་གཉིས་ཀྱི་མཉམ་འབྲེལ་གྱི་ཁ་ཕྱོགས་གསར་པ་གཏན་འཁེལ་བྱས་པ་རེད། ལོ་གསར་པའི་ནང་། བདག་གིས་ཁྱེད་དང་མཉམ་དུ་ཕན་འབྲས་དང་འཛུགས་སྐྲུན་རང་བཞིན་ལྡན་པའི་བརྗེ་རེས་རྒྱུན་འཁྱོངས་བྱེད་ན་འདོད་ཅེས་བསྟན།། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1