ཀྲུང་གོ་དང་ཨུ་རུ་སུའི་དབུ་ཁྲིད་རྣམ་གཉིས་ཀྱིས་གློག་འཕྲིན་གྱི་ལམ་ནས་ཕན་ཚུན་ལ་ལོ་གསར་གྱི་རྟེན་འབྲེལ་ཞུས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-01


  སྤྱི་ཟླ་12པའི་ཚེས་31ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་དང་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིན་རྣམ་གཉིས་ཀྱིས་གློག་འཕྲིན་གྱི་ལམ་ནས་ཕན་ཚུན་ལ་ལོ་གསར་གྱི་རྟེན་འབྲེལ་ཞུས།

  ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་མཛད་དེ་སྲིད་འཛིན་ཕུའུ་ཅིན་དང་ཨུ་རུ་སུའི་མི་དམངས་ལ་ལྷག་བསམ་རྣམ་དག་གིས་རྟེན་འབྲེལ་དང་སྨོན་འདུན་ཞུས། ཞི་ཅིན་ཕིང་གིས་2015ལོར་ཀྲུང་གོ་དང་ཨུ་རུ་སུ་ཡིས་ཕྱོགས་ཡོངས་འཐབ་ཇུས་འབྲེལ་བའི་འཁོར་སྐྱོད་ཚད་མཐོ་བའི་རྒྱུན་འཁྱོངས་བྱས་ཤིང་། ཕྱོགས་གཉིས་ཀྱིས་མཉམ་དུ་འཛམ་གླིང་འཁྲུག་ཆེན་གཉིས་པར་རྒྱལ་ཁབ་ཐོབ་ནས་ལོ་འཁོར་70ལོན་པའི་རྟེན་འབྲེལ་དང་དྲན་གསོའི་བྱེད་སྒོ་སྤེལ། དར་གོས་ཚོང་ལམ་གྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་དང་ཡོ་རོབ་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་གྱི་སྦྲེལ་མཐུད་འཛུགས་སྐྲུན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་མི་ཆོས་བརྗེ་རེས་དང་ལྷག་པར་ན་གཞོན་གྱི་བརྗེ་རེས་གཏིང་ཟབ་ཏུ་སྤེལ། རྒྱལ་སྤྱིའི་སྤྱི་ཚོགས་བར་གྱི་ལས་དོན་ཁྲོད་ཕན་ཚུན་ལ་རོགས་འདེགས་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་ཁྱབ་ཁོངས་སོ་སོའི་མཉམ་འབྲེལ་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ལོན་པར་སྐུལ་འདེད་བཏང་། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས དེ་མིན་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་མཉམ་འབྲེལ་མཉམ་རྒྱལ་དཀྱིལ་སྙིང་ཡིན་པའི་རྣམ་པ་གསར་པའི་རྒྱལ་སྤྱིའི་འབྲེལ་བའི་འཛུགས་སྐྲུན་ལ་དྲུང་ཕྱོགས་ཀྱི་ཕན་ནུས་ཐོན། ལོ་གསར་པའི་ནང་ཕྱོགས་གཉིས་ཀྱི་མཉམ་དུ་འབད་པ་ཆེན་པོའི་ཀྲུང་གོ་དང་ཨུ་རུ་སུའི་སྲོལ་རྒྱུན་མཛའ་འབྲེལ་གྱི་ཞི་བདེ་འདུ་ཤེས་དར་སྤེལ་དུ་གཏང་བ་དང་ཆབ་སྲིད་ལ་སྐུལ་འདེད། ཕན་ཚུན་གྱི་རྒྱབ་སྐྱོར་ལ་ཤུགས་སྣོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་རྒྱལ་ཁབ་སོ་སོའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་རེ་བ་ཡོད་ཅེས་བསྟན།

  ཕུའུ་ཅིན་གྱིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་ཀྲུའུ་ཞུ་ཞི་ཅིན་ཕིང་དང་ཀྲུང་གོ་མི་དམངས་ལ་གནམ་ལོ་གསར་པའི་རྟེན་འབྲེལ་ཞུས། ཕུའུ་ཅིན་གྱིས་འདས་པའི་ལོ་གཅིག་གི་ནང་ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བ་གལ་ཆེ་བའི་དོན་དག་མང་པོ་ཞིག་བརྒྱུད་པ་རེད། མཐོ་རིམ་གྲོས་མོལ་གྱིས་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་འཐབ་ཇུས་འབྲེལ་བ་རྒྱ་སྐྱེད་པར་སྟོབས་ཤུགས་གསར་པ་བསྣན་པ་དང་མཉམ་དུ་འཛམ་གླིང་འཁྲུག་ཆེན་གཉིས་པར་རྒྱལ་ཁ་ཐོབ་ནས་ལོ་འཁོར་70་ལོན་པར་རྟེན་འབྲེལ་ཞུས་པ་ལས་ཨུ་རུ་སུ་དང་ཀྲུང་གོའི་མི་དམངས་བར་གྱི་སྲོལ་རྒྱུན་མཛའ་འབྲེལ་སྲ་བརྟན་དུ་བཏང་ཞིང་ཕྱོགས་གཉིས་ཀྱིས་ན་གཞོན་མཛའ་བརྩེ་བརྗེ་རེས་ཀྱི་བྱེད་སྒོར་རྒྱལ་ཁ་ཆེན་པོ་ཐོབ། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་འབྲེལ་འདྲེས་དང་མཉམ་འབྲེལ་གཏིང་ཟབ་ཏུ་སྤེལ་ཏེ་གོམ་གང་མདུན་སྤོས་སྒོས་ཨུ་རུ་སུ་དང་ཀྲུང་གོའི་ཕྱོགས་ཡོངས་འབྲེལ་བའི་འཕེལ་རྒྱལ་ལ་སྐུལ་འདེད་གཏང་དགོས་ཞེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1