ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྐམ་དམག་མགོ་ཁྲིད་ལས་ཁུངས་དང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མེ་ཤུགས་འཕུར་མདའི་དམག་དཔུང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་འཐབ་ཇུས་རོགས་སྐྱོར་དམག་དཔུང་བཙུགས་པའི་ཚོགས་ཆེན་པེ་ཅིན་ནས་བསྡུས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-02


                   

 


  སྤྱི་ཟླ་12པའི་ཚེས་31ཉིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྐམ་དམག་མགོ་ཁྲིད་ལས་ཁུངས་དང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མེ་ཤུགས་འཕུར་མདའི་དམག་དཔུང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་འཐབ་ཇུས་རོགས་སྐྱོར་དམག་དཔུང་བཙུགས་པའི་ཚོགས་ཆེན་གཟབ་རྒྱས་ངང་བསྡུས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐམ་དམག་དང་མེ་ཤུགས་འཕུར་མདའི་དམག་དཔུང་། འཐབ་ཇུས་རོགས་སྐྱོར་དམག་དཔུང་བཅས་ལ་དམག་དར་གནང་བར་མ་ཟད་སློབ་སྟོན་གལ་ཆེན་གནང་།

  ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྐམ་དམག་མགོ་ཁྲིད་ལས་ཁུངས་དང་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མེ་ཤུགས་འཕུར་མདའི་དམག་དཔུང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་འཐབ་ཇུས་རོགས་སྐྱོར་དམག་དཔུང་འཛུགས་པའི་ཚོགས་ཆེན་དེ་སྤྱི་ཟླ་12པའི་ཚེས་31ཉིན་བརྒྱད་གཅིག་ཐོག་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐམ་དམག་དང་མེ་ཤུགས་འཕུར་མདའི་དམག་དཔུང་། འཐབ་ཇུས་རོགས་སྐྱོར་དམག་དཔུང་བཅས་ལ་དམག་དར་གནང་བར་མ་ཟད་སློབ་སྟོན་གལ་ཆེན་གནང་། ཁོང་གིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་བློ་མཐུན་རྣམས་དང་དམག་དཔུང་ཡོངས་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པར་མ་ཟད། ཏང་གི་གནས་བབ་གསར་བའི་འོག་གི་དམག་དཔུང་སྟོབས་ལྡན་ཅན་དུ་གཏང་བའི་དམིགས་འབེན་གྱིས་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། གནས་བབ་གསར་བའི་འོག་གི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་ནན་མོ་བྱས་ཏེ་བཅོས་སྒྱུར་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དཔུང་སྟོབས་ལྡན་ཅན་གྱི་བགྲོད་ལམ་དུ་སྐྱོད་དགོས་ལ། དུས་དང་རྣམ་པ་ཀུན་ཏུ་ཏང་དང་མི་དམངས་ཀྱི་འབོད་སྐུལ་དང་ལེན་བྱེད་པ་དང་ཏང་དང་མི་དམངས་ཀྱིས་གནང་བའི་བླ་མེད་འགན་འཁྲི་ལག་བསྟར་ནན་མོ་བྱས་ཏེ་ཀྲུང་གོའི་ཕུགས་འདུན་གྱི་དམག་དཔུང་སྟོབས་ལྡན་དུ་གཏང་བའི་ཕུགས་འདུན་མངོན་འགྱུར་བྱེད་པར་བྱས་རྗེས་ཆེན་པོ་འཇོག་དགོས་ཞེས་བསྟན། 

  དམག་དར་གནང་བའི་མཛད་སྒོའི་རྗེས་སུ་ཞི་ཅིན་ཕིང་གིས་སྐམ་དམག་མགོ་ཁྲིད་ལས་ཁུངས་དང་མེ་ཤུགས་འཕུར་མདའི་དམག་དཔུང་། འཐབ་ཇུས་རོགས་སྐྱོར་དམག་དཔུང་བཙུགས་པ་ནི་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོའི་ཕུགས་འདུན་གྱི་དམག་དཔུང་སྟོབས་ལྡན་དུ་གཏང་བའི་ཕུགས་འདུན་མངོན་འགྱུར་བྱེད་པར་དམིགས་ནས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་དམག་དོན་གྱི་སྟོབས་ཤུགས་མ་ལག་གསར་སྐྲུན་བྱེད་པའི་འཐབ་ཇུས་བྱེད་ཐབས་ཤིག་ཡིན་པས། ངེས་པར་དུ་རང་རེའི་དམག་དཔུང་གི་དེང་རབས་ཅན་འཛུགས་སྐྲུན་གྱི་རྡོ་རིང་ཞིག་ཏུ་གྱུར་ཏེ་མི་དམངས་དམག་དཔུང་གི་དེབ་ཐེར་དུ་བཀོད་ཅེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1