སི་ཁྲོན་ཞིང་ཆེན་ལུའུ་ཧྲན་གནོད་རྗེས་བསྐྱར་སྐྲུན་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་འཚོགས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-15


    ལུའུ་ཧྲན་ས་ཡོམ་གནོད་རྗེས་བསྐྱར་སྐྲུན་གྱི་ལོ་གསུམ་ནང་ཕར་ཆེར་བསྐྲུན་ཚར་བར་དུས་ཚོད་ཟླ་བ་དྲུག་མ་གཏོགས་མེད་པས་ཆེས་མཐའ་མའི་དུས་རིམ་དུ་སླེབས་ཡོད་པ་རེད། ན་ནིང་གི་ལོ་མཇུག་བར་དུ་ས་གནས་ཀྱིས་འགན་དུ་ཁུར་པའི་བསྐྱར་སྐྲུན་ལས་གཞི་2419ལས་ལེགས་འགྲུབ་ཟིན་པ་དང་མ་འཇོག་ལེགས་བསྐྲུན་གྱི་བསྡུར་ཚད་དེ་སོ་སོ་90.5%དང་91.2%ཟིན་ཞིང་བསྐྱར་སྐྲུན་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་གལ་ཆེན་བླངས།
    སྤྱི་ཟླ་1པོའི་ཚེས་14ཉིན་གྱི་སྔ་དྲོར། ཞིང་ཆེན་4.20ལུའུ་ཧྲན་ས་ཡོམ་གྱི་གནོད་རྗེས་བསྐྱར་སྐྲུན་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་ཁྲེན་ཏུའུ་ནས་འཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་བསྐྱར་སྐྲུན་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཏུང་མིང་གིས་ཚོགས་འདུར་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་གལ་ཆེན་གནང་།
    ཚོགས་འདུའི་སྔོན་དུ། ཝང་ཏུང་མིང་ཆེད་དུ་གཡག་རྔ་ལ་ཕེབས་ནས་བསྐྱར་སྐྲུན་ལས་ཀར་ཞིབ་བཤེར་དང་མཛུབ་སྟོན་གལ་ཆེན་གནང་ཞིང་། གནོད་འཚེ་ཐེབས་ཁུལ་གྱི་མང་ཚོགས་དང་བསྐྱར་སྐྲུན་ལས་ཀ་སྒྲུབ་པའི་གཞི་རིམ་ལས་བྱེད་པ་ལ་འཚམས་འདྲི་གནང་། ཡུལ་ཚོ་དང་དུད་ཚང་དུ་བསྐྱོད་དེ་བསམ་འཆར་དང་གྲོས་འགོ་ལ་ཉན་པ་རེད།
    བརྟག་དཔྱད་གནང་སྐབས། ཝང་ཏུང་མིང་གིས་ལམ་བར་དུ་ཆར་གྲོང་ཁུལ་གྱི་བྱང་ཕྱིའི་སྐོར་ལམ་ཐིག་དང་རྒྱལ་ལམ་318ལམ་རྒྱུད་ཀྱི་ཆིན་ཡེ་གཙང་བོ་ནས་ཧེ་ཐེ་ཟམ་ཆེན་དང་ཏོ་ཡེན་གྲོང་སྐོར་གྱི་ལམ་རྒྱུད། གཞུང་ལམ་318ལམ་ཐིག་གི་བསྐྱར་བསྐྲུན་ལས་གཞི། ཞིང་ཆེན་གྱི་201ལམ་རྒྱུད་ལུའུ་ཐེ་ལམ་གྱི་ལས་གཞི། ལུའུ་ཧྲན་རྫོང་སྐྱེ་ཁམས་སྐོར་བའི་ལམ་ཐིག་གི་ལས་གཞི་སོགས་བསྐྱར་སྐྲུན་འཛུགས་སྐྲུན་ལས་ཀར་གཟིགས་ཞིབ་གནང་། ལུའུ་དབྱང་གྲོང་རྡལ་སློབ་ཆུང་ གཉིས་པར་ཕེབས་ནས་དགེ་སློབ་རྣམས་ལ་འཚམས་འདྲི་གནང་བ་དང་། གནོད་རྗེས་ཀྱི་སློབ་གསོ་བསྐྱར་སྐྲུན་གྱི་འབྲེལ་ཡོད་ལས་དོན་ལ་ཞིབ་བཤེར་དང་མཛུབ་སྟོན་གནང་།
    ཝང་ཏུང་མིང་གིས་རིམ་པ་སོ་སོའི་ཏང་ཨུ་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་ཏང་དང་། མི་དམངས། ལོ་རྒྱུས་ལ་ཚད་མཐོ་པོའི་སྒོ་ནས་འགན་ཁུར་དགོས་པའི་དགོངས་དོན་ལྟར། ནན་ཏན་ངང་དྲང་གསུམ་ནན་གསུམ་གྱི་བླང་བྱ་ལག་བསྟར་བྱེད་པ་དང་རིམ་པ་ལྟར་འགན་འཁྲི་དམ་འཛིན་བྱ་དགོས། འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་གི་བསམ་བློའི་འཁྱེར་ཕྱོགས་ལེགས་སྒྲིག་བྱས་ནས། བསྐྱར་སྐྲུན་ལས་ཀ་ཁག་གི་ལག་སྟར་ལ་དམ་འཛིན་ཡག་པོ་བྱེད་དགོས། བདེ་འཇགས་དང་སྤུས་ཀ སྤྱོད་གཙང་སོགས་གནོད་རྗེས་བསྐྱར་སྐྲུན་གྱི་མགོ་མཇུག་བར་གསུམ་དུ་ཁྱབ་པར་བྱས་ནས། ཚན་རིག་དང་མཐུན་པའི་བསྐྱར་སྐྲུན། ཉི་འོད་ཀྱི་བསྐྱར་སྐྲུན་དང་། སྤྱོད་གཙང་གི་བསྐྱར་སྐྲུན་འགན་ལེན་བྱ་དགོས་ཞེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1