དར་མདོ་གྲོང་ཁྱེར་གྱིས་རྒན་པའི་གཟིགས་སྐྱོང་ལས་ཀར་ཤུགས་སྣོན་བྱ་དགོས་པའི་ལག་བསྟར་བསམ་འཆར་བཏོན།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 01-15


     ཀྲུང་ཧྭ་མི་རིགས་ཀྱི་རྒན་བཀུར་རྒན་གཅེས་ཀྱི་སྲོལ་རྒྱུན་སྤྱོད་བཟང་སྔར་ལས་དར་སྤེལ་གཏོང་བ་དང་རྒན་པའི་ཕན་བདེ་ཇེ་ཆེར་བཏང་ནས། རྒན་པའི་ཁེ་དབང་སྲུང་སྐྱོབ་བྱེད་པ་དང་ཕྱོགས་ཡོངས་ནས་རྒན་པའི་གཟིགས་སྐྱོང་ལས་ཀའི་ཆུ་ཚད་མཐོ་རུ་གཏང་ཆེད། ཉེ་ཆར། དར་མདོ་གྲོང་ཁྱེར་དུ་《རྒན་པའི་གཟིགས་སྐྱོང་ལས་ཀར་སྔར་ལས་ཤུགས་སྣོན་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར།》སྤེལ། སྲིད་དོན་ཞབས་ཞུ། འཕྲོད་བསྟེན་དང་ལུས་ཁམས་བདེ་སྲུང་། འགྲིམ་འགྲུལ་འགྲོ་སྐྱོད། ཚོང་ལས་ཞབས་ཞུ། རིག་གནས་ལུས་རྩལ་དང་ཁེ་དབང་སྲུང་སྐྱོང་སོགས་ཕྱོགས་དྲུག་གི་ཐད་ནས་ལག་བསྟར་བྱེད་པའི་གཟིགས་སྐྱོང་རྣམ་གྲངས་27གསལ་བོར་བཏོན།

     《 བསམ་འཆར》ལས་བསྟན་དོན། གཟིགས་སྐྱོང་གི་གཞི་རྩའི་བྱ་ཡུལ་ནི་ཁྱིམ་ཐོ་དར་མདོ་གྲོང་ཁྱེར་ལ་ཡོད་དགོས་པ་མ་ཟད་ལོ་60ཡན་གྱི་རྒན་པ་ཡིན་དགོས། ས་ཆ་གཞན་པའི་དར་མདོ་རུ་རྒྱུན་སྡོད་བྱེད་པའི་རྒན་པ་ཚོས་སྲིད་ཕྱོགས་ཞབས་ཞུ་ཕུད་པའི་གཟིགས་སྐྱོང་གི་རྣམ་གྲངས་ཡོངས་སྤྱོད་ཆོག

     《 བསམ་འཆར》ལས་བསྟན་དོན། རྒན་པ་ནི་སྤྱི་ཚོགས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་ལ། རྒན་པར་གཟིགས་སྐྱོང་བྱ་རྒྱུ་ནི་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན། རྒན་པའི་གཟིགས་སྐྱོང་གི་ལས་ཀ་ཡག་པོ་བསྒྲུབ་རྒྱུ་ནི་རྒན་པའི་ཕན་བདེ་ཇེ་ཆེར་གཏོང་བའི་གལ་ཆེའི་བྱ་ཐབས་ཤིག་ཡིན། དེ་ནི་སྤྱི་ཚོགས་དཔལ་ཡོན་ཡར་ཐོན་གྱི་གལ་ཆེའི་མཚོན་རྟགས་ཞིག་ཡིན་པའོ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1