དབྱི་ལི་ཡིས་སི་ཁྲོན་ཞིང་ཆེན་གྱི་ཞིང་དཔོན་གཞོན་པ་དང་ལས་ཚབ་ཞིང་དཔོན་གྱི་འགན་བཞེས་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-22


         ཟླ་1པོའི་ཚེས་22ཉིན་གྱི་ཕྱི་དྲོར་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་དམངས་ཆེན་རྒྱུན་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཤིང་གྲོས་ཚོགས་སྟེང་《སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་ཚོགས་འདུ་ལས་དབྱི་ལི་ཡི་གོ་གནས་བསྐོ་བཞག་སྐོར་གྱི་གྲོས་གཞི།》ལ་གྲོས་འཆམ་བྱུང་སྟེ་དབྱི་ལི་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་དཔོན་གཞོན་པ་དང་སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ལས་ཚབ་ཞིང་དཔོན་དུ་བསྐོ་བཞག་བྱེད་པར་གྲོས་ཐག་བཅད། 《སི་ཁྲོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱིས་ཝེ་ཧུང་གིས་སི་ཁྲོན་མི་དམངས་སྲིད་གཞུང་གི་ཞིང་དཔོན་གྱི་གོ་གནས་ལས་ཁུར་དགོངས་ཞུའི་སྐོར་གྱི་ཐག་གཅོད།》ལ་གྲོས་འཆམ་བྱུང་སྟེ་ཝེ་ཧུང་གིས་སི་ཁྲོན་མི་དམངས་སྲིད་གཞུང་གི་ཞིང་དཔོན་གྱི་གོ་གནས་ལས་ཁུར་དགོངས་ཞུ་ལ་དང་ལེན་བྱེད་པར་ཐག་བཅད་ཅིང་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པར་ཐོ་འགོད་སྙན་ཞུ་གནང་།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1