2015ལོར་སི་ཁྲོན་གྱི་GDP7.9%འཕར་ཡོད། འཕར་ཚད་ནི་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་1གིས་མཐོ་བ་རེད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-22


         སྤྱི་ཟླ་1པོའི་ཚེས་20ཉིན་གྱི་སྔ་དྲོ། སི་ཁྲོན་ཞིང་ཆེན་བསྡོམས་རྩིས་ཅུས་ཀྱིས་2015ལོའི་སི་ཁྲོན་ཞིང་ཆེན་དཔལ་འབྱོར་གནས་བབ་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས། སི་ཁྲོན་གསར་འགྱུར་དྲ་བའི་གསར་འགོད་པས་ཚོགས་འདུའི་ཐོག་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད། 2015ལོར་ཞིང་ཆེན་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་GDPསྒོར་དུང་ཕྱུར་30103.1མངོན་འགྱུར་བྱུང་ཡོད་ལ།  བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས་7.9 %འཕར་ཡོད། འཕར་ཚད་ནི་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་1གིས་འཕར་ཡོད།

 སི་ཁྲོན་ཞིང་ཆེན་བསྡོམས་རྩིས་ཅུས་ཀྱི་གསར་འགྱུར་གཏམ་བཤད་པ་ཞུང་ཅན་ཀྲུང་གིས་བཤད་རྒྱུར། 2015 ལོའི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་དང་། བརྟན་པོའི་ཁྲོད་དུ་ཡར་རྒྱས་གོང་འཕེལ་གྱི་རྣམ་པ་མངོན་པ་དང་། དཔལ་འབྱོར་སྤྱི་འབོར་སྐས་རིམ་གསར་པར་སླེབས་ཡོད་པས། ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་འཆར་འགོད་དམིགས་ཚད་བདེ་བླགས་ངང་ལེགས་གྲུབ་བྱུང་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1