གསར་འགོད་པས་སྤྱི་ཟླ་1པོའི་ཚེས་19ཉིན་ཞིང་ཆེན་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་ཀ་ཚོགས་འདུའི་སྟེང་ནས་རྒྱུས་ལོན་བྱུང་བ་ལྟར་ན། འདས་པའི་ལོ་ལྔའི་རིང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་འབོར་ལོ་ལྔའི་ནང་དུ་ཁྲི་457.3གསར་དུ་འཕར་ཡོད་ལ། ལས་ཞུགས་གནས་བབ་བརྟན་བརླིང་ངང་ཡོད་པ་དང་། སྤྱི་ཚོགས་འགན་སྲུང་གི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཞིང་། ཤེས་ལྡན་མི་སྣའི་དཔུང་ཁག་སྔར་བས་སྟོབས་ཆེར་སོང་ཡོད།
ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་ལྟར་ན། 2015ལོར། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི་101.9གསར་སྣོན་བྱས་ཡོད་ལ། ལོ་རྒྱུས་རང་བཞིན་གྱི་འགག་སྒོ་ཆེན་མོ་ཁྲི་100ལས་བརྒལ་པ་རེད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་4.12%ཡིན་ལ། ལས་ཞུགས་ཀྱི་དམིགས་ཚད་ལས་འགན་སྒོ་ཀུན་ནས་ཚད་བརྒལ་ལེགས་འགྲུབ་བྱུང་ཡོད།