2016ལོར་སི་ཁྲོན་གྱིས་མ་འཇོག་སྒོར་དུང་ཕྱུར་793བཏང་ནས་འགྲིམ་འགྲུལ་ཐད་ཀྱི་གནད་སྨིན་དབུལ་སྐྱོར་ལ་སྐུལ་འདེད་བྱེད་རྒྱུ་ཡིན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-22


          གསར་འགོད་པས་ཚེས་19ཉིན་འཚོགས་པའི་2016ལོའི་སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ལས་ཀའི་ཚོགས་འདུའི་ཐོག་རྒྱུས་ལོན་བྱས་པ་ལྟར་ན། 2016ལོར་སི་ཁྲོན་གྱིས་གནད་སྨིན་དབུལ་སྐྱོར་གྱི་འགྲིམ་འགྲུལ་རྣམ་གྲངས་ཀྱི་མ་འཇོག་སྒོར་དུང་ཕྱུར་793གཏོང་རྒྱུ་ལེགས་འགྲུབ་ཡོང་བར་འགན་ལེན་བྱེད་རྒྱུ་ཡིན་ལ། ཧུར་བརྩོན་སྒོས་ནང་རྒྱལ་གྱི་དབུལ་ཕོངས་རྫོང་46ནང་གི་རྫོང་37གྱི་མྱུར་བགྲོད་གཞུང་ལམ་སྦྲེལ་མཐུད་བྱེད་པ་མངོན་འགྱུར་བྱས་པ་དང་། སྤྱིར་བཏང་གི་རྒྱལ་ལམ་རིམ་པ་གཉིས་པ་དང་དེའི་ཡན་གྱི་བསྡུར་ཚད་བརྒྱ་ཆའི་གྲངས་5ཡིས་མཐོ་རུ་གཏོང་དགོས།

          སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གི་ཐིང་ཀྲང་ཕིན་ལིན་གྱིས་བཤད་རྒྱུར། དབུལ་ཕོངས་ས་ཁུལ་དང་མི་རིགས་ས་ཁུལ་ཏེ་ས་ཁོངས་གཉིས་ཀྱི་འགྲིམ་འགྲུལ་ཞན་ཆ་ཁ་གསབ་བྱེད་རྒྱུ་ནི་2016ལོའི་སི་ཁྲོན་འགྲིམ་འགྲུལ་གྱི་གཙོ་གནད་ཀྱི་ལས་ཀ་ཞིག་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1