ཞི་ཅིན་ཕིང་གིས་ཨེ་ཅིབ་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་བའི་ཟིན་བྲིས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-22


       སྤྱི་ཟླ་1པོའི་ཚེས་20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བསྡད་དེ་ཨེ་ཅིབ་རྒྱལ་ས་ཁེ་རོ་རུ་འབྱོར་ཏེ་ཨེ་ཅིབ་ལ་རྒྱལ་དོན་འཚམ་འདྲིའི་འགོ་བཙུགས། ཨེ་ཅིབ་སྲིད་འཛིན་སའེ་སི་ཡིས་ཁེ་རོ་རྒྱལ་སྤྱིའི་གནམ་གྲུ་འབབ་ཐང་དུ་ཞི་ཅིན་ཕིང་ལ་ཕེབས་བསུ་ཞུས། ས་གནས་དེ་གའི་དུས་ཚོད་ཟླ་1པོའི་ཚེས་20ཉིན་གྱི་དགོང་མོར། ཞི་ཅིན་ཕིང་གིས་ཁེ་རོ་ཨ་པིས་ཏིང་ཕོ་བྲང་དུ་ཨེ་ཅིབ་སྲིད་འཛིན་སའེ་སི་ལ་མཇལ་ཕྲད་གནང་ཞིང་ཀྲུང་གོ་དང་ཨེ་ཅིབ་ཀྱི་སྲོལ་རྒྱུན་མཛའ་བརྩེ་དང་རྒྱལ་ཁབ་གཉིས་ཀྱི་འབྱུང་འགྱུར་གྱི་འཕེལ་རྒྱས་འབྲེལ་བར་གླེང་མོལ་གནང་། ཟླ་1པོའི་ཚེས་21ཉིན། རྟ་དམག་གིས་སྐུ་སྲུང་འོག་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་རླངས་འཁོར་ལ་བསྡད་དེ་ཁུ་པ་ཕོ་བྲང་དུ་འབྱོར་ཞིང་ཨེ་ཅིབ་ཀྱི་སྲིད་འཛིན་སའེ་ཞི་དང་གྲོས་མོལ་གནང་། ཚེས་21ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁེ་རོའི་ཨ་རབ་རྒྱལ་ཁབ་མནའ་འབྲེལ་སྤྱི་ཁྱབ་བཀོད་འདོམས་པུའུ་རུ་《ཀྲུང་གོ་དང་ཨེ་ཅིབ་འབྲེལ་བའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་མཉམ་དུ་གཏོད།》ཅེས་པའི་གཏམ་བཤད་གལ་ཆེན་གནང་ཞིང་། ཀྲུང་གོ་དང་ཨེ་ཅིབ་མི་རིགས་གཉིས་ཀྱིས་ཕན་ཚུན་ཟོལ་མེད་བློས་འཁེལ་གྱི་འབྲེལ་བ་དེར་དམ་འཛིན་རྒྱུན་འཁྱོངས་བྱེད་དགོས་པ་ནན་གྱིས་བསྟན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1