ཞི་ཅིན་ཕིང་གིས་ཧིན་ཉིའི་སྲིད་འཛིན་ཙོའོ་ཁོ་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-22


  སྤྱི་ཟླ་1པའི་ཚེས་21ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧིན་ཉིའི་སྲིད་འཛིན་ཙོའོ་ཁོ་ལ་འཕྲིན་ཡིག་བསྐུར་ཏེ་ཡ་ཅ་ཏ་ནས་ཝོན་ལོན་བར་གྱི་མྱུར་བགྲོད་ལྕགས་ལམ་ལས་གཞི་བསྐྲུན་འགོ་ཚུགས་པར་རྟེན་འབྲེལ་ཞུས།
  ཞི་ཅིན་ཕིང་གིས་ཡ་ཅ་ཏ་ནས་ཝོན་ལོན་བར་གྱི་མྱུར་བགྲོད་ལྕགས་ལམ་མཉམ་འབྲེལ་འཛུགས་སྐྲུན་ནི་ཕྱོགས་གཉིས་ཀྱི་ཐུན་མོ་གི་ངོས་འཛིན་གལ་ཆེན་ཞིག་ཡིན་པར་མ་ཟད། ཀྲུང་གོ་དང་ཧིན་ཉིའི་འཐབ་ཇུས་སྦྲེལ་མཐུད་ཐད་ཀྱི་ཐོག་མའི་གྲུབ་འབྲས་གལ་ཆེན་ཞིག་ཀྱང་རེད། ཡ་ཅ་ཏ་ནས་ཝོན་ལོན་བར་གྱི་མྱུར་བགྲོད་ལྕགས་ལམ་རྒྱལ་ཁའི་ངང་ལག་བསྟར་བྱས་པ་ལས་ཀྲུང་གོ་དང་ཧིན་ཉིའི་དངོས་དོན་མཉམ་འབྲེལ་ལ་ཟིན་ཐོ་གསར་པ་བསྐྲུན་ཞིང་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་འབྲེལ་དང་ལྷག་པར་རྨང་གཞིའི་སྒྲིག་བཀོད་དང་ཐོན་ནུས་ཁྱབ་ཁོངས་ཀྱི་མཉམ་འབྲེལ་ལ་དཔེ་སྟོན་གསར་པ་བསྐྲུན་པ་རེད། ཕྱོགས་གཉིས་ཀྱི་འབད་པ་ཆེན་པོས་མཉམ་འབྲེལ་གཏིང་ཟབ་ཏུ་སྤེལ་ཏེ་ལས་གཞི་བདེ་བླག་ངང་ལག་བསྟར་དང་དུས་ལྟར་ལེགས་འགྲུབ་བྱེད་པར་ཁག་ཐེག་བྱ་དགོས་ཞེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1