ཞིང་ཆེན་ཏང་ཨུའི་ཞིང་སྡེ་ལས་ཀའི་གྲོས་ཚོགས་ཁྲེན་ཏུའུ་རུ་འཚོགས།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-22
སྤྱི་ཟླ་1པའི་ཚེས་20ཉིན། ཞིང་ཆེན་ཏང་ཨུའི་ཞིང་སྡེ་ལས་ཀའི་གྲོས་ཚོགས་ཁྲེན་ཏུའུ་རུ་འཚོགས། གྲོས་ཚོགས་སྟེང་ཀྲུང་དབྱང་གི་ཞིང་སྡེ་ལས་ཀའི་གྲོས་ཚོགས་ཀྱི་དགོངས་ཚོགས་ལག་བསྟར་དང་ལོ་ལྔའི་འཆར་གཞི་བཅུ་གཉིས་པ་སྤྱི་བསྡོམས། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དང་ལྷག་པར་2016ལོའི་ཞིང་སྡེ་ཞིང་ལས་ལས་ཀ་བཀོད་སྒྲིག་མཛད། གྲོས་ཚོགས་སྔོན་དུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་ཞིང་གསུམ་ལས་ཀའི་ཐད་ལ་མཛུབ་སྟོན་གནང་།
ཝང་ཏུང་མིང་གིས་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ་རང་ཞིང་གི་ཞིང་གསུམ་ལས་ཀར་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཏེ་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་གཏན་འཇགས་འཕེལ་རྒྱས་ལ་ནུས་ལྡན་གྱི་རོགས་སྐྱོར་མཁོ་འདོན་བྱས་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་དང་དཔལ་འབྱོར་སྟོབས་ལྡན་གྱི་ཞིང་ཆེན་འཛུགས་བསྐྲུན་བྱེད་པར་སྲ་བརྟན་གྱི་རྨང་གཞི་བཏིང་། སི་ཁྲོན་ནི་ཞིང་ལས་ཆེས་ཆེར་དར་པའི་ཞིང་ཆེན་ཞིག་ཡིན་ལ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ་ངེས་པར་དུ་ཞིང་གསུམ་ལས་ཀ་གལ་འགངས་ཆེ་བའི་གནས་སུ་འཇོག་པ་རྒྱུན་འཁྱོངས་བྱ་དགོས། གཏིང་ཟབ་པའི་སྒོ་ནས་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལི་ཁེ་ཆང་གིས་ཞིང་གསུམ་ལས་ཀར་མཛུབ་སྟོན་གནང་པའི་དགོངས་དོན་ལག་བསྟར་དང་དབུལ་སྒྲོལ་དང་ཕྱོགས་ཡོངས་ནས་འབྱོར་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་འབེན་དམིགས་སུ་བཟུང་སྟེ་འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་སྲ་བརྟན་དུ་གཏང་ནས་ཤུགས་ཆེན་པོའི་ཞིང་གསུམ་གནད་དོན་ཐག་གཅོད་བཟང་པོ་བྱ་དགོས། ཞིང་ལས་དང་ཞིང་སྡེའི་གཙོ་ཤུགས་འཕེལ་ཕྱོགས་མི་འགྱུར་པ་རྒྱུན་འཁྱོངས་བྱས་ཏེ་ཤུགས་ཆེན་པོའི་ཞིང་ལས་མཁོ་འདོན་ལོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏང་དགོས་པར་མ་ཟད། ཐོན་རྫས་སྒྲིག་གཞི་དང་ཐོན་སྐྱེད་སྒྲིག་གཞི། ཐོན་ལས་སྒྲིག་གཞི་དང་ཐོན་སྐྱེད་ནུས་ཤུགས་ཀྱི་བཀོད་སྒྲིག་ལེགས་སྒྱུར་བྱས་ཏེ་ལམ་ལུགས་གསར་གཏོད་ལ་ཤུགས་སྣོན་དང་ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་གཏང་དགོས། དེ་མིན་ཞིང་སྡེ་ཕྱུག་གྱུར་དང་ཞིང་བར་ཁེ་ཕན་བསྐྲུན་པར་ཤུགས་སྣོན་བྱས་ཏེ་ཤུགས་ཆེན་པོའི་དབུལ་སྒྲོལ་ལས་ཀ་ལེགས་པོ་བསྒྲུབ་པ་དང་བདེ་སྐྱིད་མཛེས་སྡུག་གི་ཞིང་སྡེའི་གསར་པ་བསྐྲུན་པར་སྐུལ་འདེད་གཏང་དགོས་པ་དང་། དེ་མིན་མུ་མཐུད་དུ་ཞིང་སྡེའི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་སྒྱུར། ཞིང་ལས་དང་ཞིང་སྡེའི་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ལ་འཕར་པར་སྐུལ་འདེད་གཏང་དགོས་ཞེས་བསྟན།།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1