ཨ་རིའི་ལོ་58ཅན་གྱི་འཁྱམས་པོ་ཞིག་རླུང་འཕྲིན་རྒྱང་སྒྲོག་པ་རུ་གྱུར།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-26


           ཉེ་ཆར། ཨ་རིའི་ལོ་58ཅན་གྱི་འཁྱམས་པོ་ཝའེ་ལའན་སུ་རང་གི་སྐད་གདངས་ཡག་པོ་དེར་བརྟེན་ནས་རླུང་འཕྲིན་རྒྱང་སྒྲོག་པར་གྱུར། 

           ཝའེ་ལའན་སུ་ཡིས་སྔོན་ཆད་དུག་རྫས་འཐེན་པ་དང་ཆང་བག་མེད་དུ་འཐུང་བཞིན་སྦྲང་འཁྱམས་བྱས་མྱངས། ལོ་5ཡི་ཡར་སྔོན་ལ་པར་ལེན་པ་ཞིག་དང་འཕྲད་དེ་ཁོའི་ལག་གི་ཤོག་བྱང་པར་དུ་བླངས་ཏེ་དྲ་ངོས་སུ་ཁྱབ་བསྒྲགས་བྱས་པ་ན་ཁོ་རང་ལ་གོ་སྐབས་ལེགས་པོ་ཞིག་ཐོབ་པ་རེད། བྱང་བུ་དེའི་ངོས་སུ་ང་ལ་དཀོན་མཆོག་གིས་གནང་པའི་སྐད་ཡག་པོ་ཞིག་ཡོད་ཅིང་སྔོན་ཆད་ང་ནི་རྩིང་སྤྱོད་གྱུར་པའི་རྒྱང་སྒྲོག་པ་ཞིག་ཀྱང་ཡིན། ང་ལ་རོགས་རམ་གནང་རོགས དཀོན་མཆོག་གིས་ཁྱོད་རང་བསྐྱབ་ངེས། དུས་ཆེན་ལ་རྟེན་འབྲེལ་ཞུ། ཞེས་བྲིས་འདུག 

           རྗེས་སུ་ཁོ་རང་ཨུ་ཧའེ་ཨུ་ཀྲུའུ་ཡི་ཁོ་རུམ་པུ་གྲོང་ཁྱེར་གྱི་རླུང་འཕྲིན་ཁང་ཞིག་གི་རྒྱང་སྒྲོག་པ་རུ་གྱུར་ཞིང་དེ་བཞིན་ལས་གནས་དེ་ཡང་ཁོ་རང་གི་གཏན་འཁེལ་གྱི་ལས་ཀ་ཐོག་མར་གྱུར།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1