ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ལ་གཙོ་སྐྱོང་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-26


  སྤྱི་ཟླ་1པའི་ཚེས་24ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁང་གི་རྒྱུན་ལས་གྲོས་ཚོགས་ལ་གཙོ་སྐྱོང་གནང་སྟེ་མི་གཙོ་བོ་ཡིན་པའི་རྣམ་པ་གསར་པའི་གྲོང་རྡལ་ཅན་ལ་སྐུལ་འདེད་དང་ནང་མཁོའི་སྦས་ཤུགས་སྔར་ལས་སྔོག་འདོན་ལེགས་པོ་བྱེད་པ། དེ་མིན་རྣོ་ལྕགས་དང་རྡོ་སོལ་ལས་རིགས་ཀྱི་ཐོན་ནུས་ལྷག་མ་ཐག་གཅོད་པའི་བྱེད་ཐབས། ཁེ་ལས་དབུལ་སྒྲོལ་དང་ཐོན་ལས་རིམ་འཕར་ལ་སྐུལ་འདེད་གཏང་བའི་ལས་ཀ་བཀོད་སྒྲིག་གནང་།
  གྲོས་ཚོགས་སྟེང་གཤམ་གསལ་གྱི་དོན་ཚན་བཞི་ཐག་གཅོད་བྱས་པ་སྟེ། གཅིག་ནི་ཞིང་ལས་གནས་སྤོ་མི་སྣའི་ཁྱིམ་ཐོའི་ཆ་རྐྱེན་ཇེ་ཡངས་སུ་གཏང་སྟེ་གྲོང་ཁྱེར་དུ་ཡོང་བའི་ཞིང་བའི་ས་ཞིང་གི་འགན་དབང་དང་ཁང་བའི་བེད་སྤྱོད་བྱེད་དབང་། ཐུན་མོང་གི་ཡོང་འབབ་བགོ་བའི་དབང་ཆ་བཅས་ཀྱི་ཁྲིམས་ལྟར་རང་མོས་སྒོས་རིན་ལྡན་ཕྱིར་འབུད་བྱེད་པའི་ལམ་ལུགས་ལ་འཚོལ་ཞིབ་བྱ་དགོས། གཉིས་ནི་མགྱོགས་མྱུར་སྒོས་གྲོང་རྡལ་གྱི་སྤུས་ཞན་སྡོད་ཁུལ་དང་ཉེན་ཁ་ཆེ་བའི་སྡོད་ཁང་རྙིང་བ་བཅོས་བསྒྱུར་བྱས་ཏེ་སྤུས་ཞན་སྡོད་ཁུལ་བསྒྱུར་བཀོད་ཀྱི་དངུལ་ལོར་ཅན་བཀོད་པའི་བསྡུར་ཚད་མཐོར་འདེགས་སུ་གཏང་དགོས། གསུམ་ནས་རྣམ་པ་གསར་པའི་གྲོང་རྡལ་ཅན་གྱི་སྣ་འཛོམས་ཚོད་ལྟའི་ཁྱབ་ཁོངས་རྒྱ་སྐྱེད་དེ་ཧུར་ཐག་གིས་གྲོང་ཁྱེར་ཆུང་འབྲིང་འཕེལ་རྒྱས་སུ་གཏང་དགོས་པ་དང་གྲོང་རྡལ་མི་གྲངས་ཁྲི10ཡན་གྱི་གྲོང་རྡལ་ཆེ་གྲས་ཁག་ལ་རྫོང་རིམ་པའི་དོ་དམ་དབང་འཛིན་སྤྲོད་པར་ཚོད་ལྟ་བྱས་ཏེ་ཁྱད་ཆོས་ལྡན་པའི་གྲོང་རྡལ་འཕེལ་རྒྱས་ཀྱིས་དབུལ་སྒྲོལ་གཡུལ་འཐབ་དང་གྲོང་སྡེའི་གསར་པའི་འཛུགས་བསྐྲུན་ལ་སྣེ་ཁྲིད་ཀྱི་ནུས་པ་འདོན་དགོས། བཞི་ནི་ས་ཞིང་དང་གྲོང་རྡལ་གྱི་སྡོད་ཁང་སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏང་སྟེ་ས་གནས་ཀྱི་ནོར་སྲིད་དངུལ་རྩ་དང་སྤྱི་ཚོགས་མ་དངུལ་སྤྱད་དེ་གྲོང་རྡལ་ཅན་གྱི་ཐེབས་རྩ་འཛུགས་པར་སྐུལ་སློང་བྱ་དགོས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1