ལི་ཁེ་ཆང་གིས་གཙོ་སྐྱོང་མཛད་དེ་ཆེད་རམས་པ་དང་ཁེ་ལས་ལས་རིགས་ཀྱི་མི་སྣའི་བཞུགས་མོལ་གྲོས་ཚོགས་བསྡུས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-28


  སྤྱི་ཟླ་1པའི་ཚེས་27ཉིན་བསྒྲགས་པའི་གསར་འགྱུར། ཟླ་1པའི་ཚེས་25ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་བཞུགས་མོལ་གྲོས་ཚོགས་ལ་གཙོ་སྐྱོང་མཛད་དེ་་ཆེད་རམས་པ་དང་ཁེ་ལས་ལས་རིགས་མི་སྣས་《སྲིད་གཞུང་ལས་ཀའི་སྙན་ཞུ།<བསམ་འཆར་བསྡུ་ལེན་གྱི་མ་ཡིག>》དང་《ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ནང་དོན་གནད་བསྡུས།(འཆར་ཟིན།)<བསམ་འཆར་བསྡུ་ལེན་བྱེད་པའི་མ་ཡིག>》ཐད་ལ་བཏོན་པའི་བསམ་འཆར་ལ་གསན།
  གྲོས་ཚོགས་སྟེང་ཆེད་རམས་པ་དང་ཁེ་ལས་ལས་རིགས་ཁག་གི་མི་སྣས་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་བབ་དང་ཁེ་ལས་ཀྱི་འཕེལ་རྒྱས་དང་འབྲེལ་ཏེ་སྲིད་གཞུང་ལས་ཀའི་སྙན་ཞུ་དང་འཆར་འགོད་ཐད་ལ་རང་ཉིད་ཀྱི་བསམ་འཆར་བཏོན། ཚང་མས་གཏམ་བཤད་ཁྲོད་དེང་སྐབས་ཀྲུང་གོའི་དཔལ་འབྱོར་ལ་ཟུར་ངོས་གསར་པ་ཞིག་གི་ངོས་ནས་བལྟ་དགོས་ཏེ་དཔལ་འབྱོར་འཕེལ་རྒྱས་ཀྱི་གཙོ་ཁྲིད་སྟོབས་ཤུགས་དང་སྡོད་དམངས་ཡོང་འབབ། ནུས་བསྲི་སྙིགས་འཕྲི་སོགས་ཀྱི་ཐད་ནས་བལྟ་དགོས། དེ་མིན་སྒྲིག་གཞི་བསྒྱུར་བཀོད་ལ་ཡུན་རིང་གི་དོན་སྙིང་ལྡན་པའི་དཀྱོགས་མཚམས་རང་བཞིན་གྱི་འགྱུར་ལྡོག་བྱུང་བ་རེད་ཅེས་བསྟན་ལ། ལི་ཁེ་ཆང་གིས་ད་ལོ་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཁ་གཏོད་དགོས་པའི་དཀའ་ངལ་དང་འགྲན་རྩོད་ཤིན་ཏུ་ཆེ་ལ་དུས་ཡུན་ཐུང་ངུའི་ནང་དཀའ་ངལ་འདི་དག་སེལ་ཐབས་བྲལ། ཡིན་ནའང་ང་ཚོར་དཔལ་འབྱོར་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་འགྲོ་བ་དང་ཚད་མཐོ་བའི་ཆུ་ཚད་རྒྱུན་འཁྱོངས་བྱེད་པའི་ནུས་པ་ཡོད་པའི་ཡིད་ཆེས་ཡོད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1