སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ལས་ཀའི་སྙན་ཞུའི་ཁག་33ལ་བཟོ་བཅོས་བྱས་ཤིང་དེའི་ནང་ཁག་15ལ་གཙོ་གནད་བཟོ་བཅོས་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-01


      སྤྱི་ཟླ་1པོའི་ཚེས་29ཉིན་འཚོགས་པའི་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་བ་མཇུག་སྒྲིལ་པའི་ཚོགས་འདུའི་སྟེང་། སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ལས་ཀའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་གྲོས་འཆམ་བྱུང་། གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ཚོགས་འདུ་གཉིས་ཀྱི་སྐབས་སུ། འཐུས་མིའི་ཚོགས་པ་ཁག་གིས་སྲིད་གཞུང་ལས་ཀའི་སྐོར་གྱི་སྙན་ཞུ་ལ་གྲོས་བསྡུར་དང་གྲོས་ཞིབ་ནན་ཏན་བྱས་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་ཀྱིས་ཀྱང་གྲོས་གཞི་བཏོན། མཇུག་མཐར། སྙན་ཞུའི་ཁག་33ལ་བཟོ་བཅོས་བྱས་ཤིང་དེའི་ནང་ཁག་15ལ་གཙོ་གནད་བཟོ་བཅོས་བྱས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1