ཅི་ཞིན་ཕིང་གིས་ལོ་ལོན་ལས་ཀར་ཤུགས་སྣོན་བྱ་དགོས་པའི་གལ་ཆེའི་མཛུབ་སྟོན་གནང་།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-25
སྤྱི་ཟླ་2པའི་ཚེས་23ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ལམ་ལོ་ལོན་ལས་ཀར་ཤུགས་སྣོན་བྱ་དགོས་པའི་གལ་ཆེའི་མཛུབ་སྟོན་གནང་སྟེ་རང་རྒྱལ་གྱི་མི་གྲངས་ལོ་ལོན་ཅན་དུ་འགྱུར་བར་ཁ་གཏོད་པ་ནི་རྒྱལ་ཁབ་ཀྱི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་དང་མི་སེར་དུང་ཕྱུར་ལྷག་གི་བདེ་སྐྱིད་དང་འབྲེལ་བ་དམ་པོ་ཡོད་པས་དེང་སྐབས་ལ་གཞི་འཛུགས་པ་དང་ཡུན་རིང་བོར་དམིགས་པ་གཏད་དེ་སྟེང་རིམ་ཇུས་བཀོད་ལ་ཤུགས་སྣོན་དང་བུ་སྐྱེས་དང་ལས་ཞུགས། རྒན་གསོ་སོགས་སྲིད་ཇུས་དང་ལམ་ལུགས་གལ་ཆེན་དག་ལ་དུས་ལྟར་ཁ་གཏད་འཇལ་བ་དང་ཚན་རིག་ལྟར་ཁ་ལགཏད་འཇལ་བ། ཕྱོགས་བསྡུས་སྒོས་ཁ་གཏད་འཇལ་བ་བཅས་བྱ་དགོས། དོན་དག་འདི་དག་གྲོས་རིམ་གལ་ཆེན་གྲས་སུ་བཞག་སྟེ་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སྐབས་སུ་བཀོད་སྒྲིག་དང་དངོས་འབེབས་ལེགས་པོ་བྱ་དགོས་ཞེས་བསྟན།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཛུབ་སྟོན་གལ་ཆེན་གནང་སྟེ་ཚན་རིག་ལྟར་མི་གྲངས་ལོ་ལོན་ཅན་དུ་འགྱུར་བའི་གནད་དོན་ལ་དམིགས་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་ཇུས་འགོད་ལག་བསྟར་བྱེད་པ་དང་འབྲེལ་ཏེ་འབྲེལ་ཡོད་སྲིད་ཇུས་བསམ་འཆར་ལ་ཞིབ་འཇུག་དང་ལག་ལེན་རང་བཞིན་ལ་དོ་སྣང་བྱ་དགོས་ཞེས་བསྟན།།