ལིའུ་ཡན་ཏུང་གིས་སི་ཁྲོན་དུ་རྟོག་ཞིབ་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-01


     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཡན་ཏུང་གིས་ཉེ་ཆར་སི་ཁྲོན་དུ་བརྟག་དཔྱད་གནང་སྐབས། ནན་ཏན་སྒོས་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དབུལ་གྲོལ་འགག་སྒྲོལ་སྐོར་གྱི་ཐབས་ཇུས་དང་བཀོད་སྒྲིག་ལག་ལེན་བྱ་དགོས་པ་དང་། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་གྲོལ་གྱི་གཞི་རྩའི་ཐབས་ཇུས་དོན་འཁྱོལ་བྱས་ཏེ། སློབ་གསོའི་དབུལ་སྐྱོར་དང་བདེ་ཐང་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་གཏང་དགོས། དབུལ་ཕོངས་ས་ཁུལ་གྱི་མང་ཚོགས་ཀྱི་རིག་གནས་ཆུ་ཚད་དང་ལུས་པོ་བདེ་ཐང་ཇེ་མཐོར་གཏང་དགོས། དཔལ་འབྱོར་གོང་འཕེལ་དང་དམངས་འཚོ་ལེགས་བཅོས་ལ་སྐུལ་འདེད་བྱ་དགོས་ཞེས་བསྟན།
     ལའང་ཧྲན་དབྱིས་རིགས་རང་སྐྱོང་ཁུལ་ནི་ཨུ་མོང་རི་བོའི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་དུ་ཡོད་ལ། འགྲིམ་འགྲུལ་སྟབས་མི་བདེ་བ་དང་སློབ་གསོའི་རྨང་གཞི་ཞན་པ། ལིའུ་ཡན་ཏུང་ལའང་ཧྲན་ཆེ་བའི་དབུས་ཀྱི་ཀྲོ་ཅོ་རྫོང་དབྱིས་རིགས་གྲོང་སྡེར་ཕེབས་ཏེ་གྲོང་ཚོའི་སློབ་ཆུང་དང་བུ་བཅོལ་ཁང་། གཞིས་སྲུང་བྱིས་པའི་ཁྱིམ་དང་དམངས་གཉེར་ལས་རིགས་ལག་རྩལ་སློབ་གྲྭར་རྟོག་ཞིབ་གནང་། དེ་མིན་སློབ་གསོའི་དབུལ་སྐྱོར་སྐོར་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ་བསམ་འཆར་དང་གྲོས་གཞིར་གསན།། 
     ཞིང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་གྱི་ཞིང་དཔོན། དབྱི་ལི་ལིའུ་ཡན་ཏུང་གི་དང་ལྷན་དུ་རྟོག་ཞིབ་ཏུ་ཕེབས་པར་མ་ཟད་འབྲེལ་ཡོད་ལས་ཀའི་སྐོར་གྱི་སྙན་ཞུ་ཕུལ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1