དབྱི་ལིས། མི་དམངས་ཡིད་ཚིམ་པའི་སློབ་གསོའི་བྱ་བ་ལེགས་སྒྲུབ་གང་ཐུབ་བྱས་ནས། ཞིང་ཆེན་སྟོབས་ཆེར་དང་སི་ཁྲོན་དར་རྒྱས་སུ་གཏོང་བར་ཤེས་ལྡན་མི་སྣ་འདོན་སྤྲོད་བྱེད་པ་ཁག་ཐེག་བྱེད་དགོས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-01


     སྤྱི་ཟླ་2པའི་ཚེས་25ཉིན། 2016ལོའི་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ལས་ཀའི་ཚོགས་འདུ་དེ་ཁྲེན་ཏུའུ་རུ་འཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་གྱི་ཞིང་དཔོན་དབྱི་ལི་ཚོགས་འདུར་ཞུགས་པ་མ་ཟད་འབྲེལ་ཡོད་གསུང་བཤད་གནང་། ཁོང་གིས་གཏིང་ཟབ་པའི་སྒོ་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སློབ་གསོ་བསྒྱུར་བཅོས་འཕེལ་རྒྱས་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་བྱེད་པ། རྒྱལ་ཡོངས་སློབ་གསོའི་ལས་ཀའི་ཚོགས་འདུའི་དགོངས་དོན་དོན་འཁྱོལ་བྱས་ནས་མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ། ཞིང་ཆེན་སྟོབས་ཆེན་དང་སི་ཁྲོན་དར་རྒྱས་གཏང་རྒྱུར་ཞབས་ཞུ་བྱེད་པར་དམ་པོར་དམིགས་ཏེ། དོན་དངོས་ལ་གཞིག་ཏེ་སློབ་གསོ་སྒྱུར་བཅོས་འཕེལ་རྒྱས་མགྱོགས་སུ་གཏང་བར་སྐུལ་འདེད་གཏང་དགོས། སློབ་གསོས་ཞིང་ཆེན་སྟོབས་ལྡན་ཅན་དང་ནུབ་རྒྱུད་ཤེས་ལྡན་མི་སྣའི་ས་ཆ་གཙོ་བོ་མགྱོགས་སུ་འཛུགས་སྐྲུན་བྱ་དགོས་ཞེས་བསྟན། 
    དབྱི་ལི་ཡིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ་སློབ་གསོ་དམིགས་སུ་འཛིན་པའི་འཕེལ་རྒྱས་འཐབ་ཇུས་ཀྱི་གནས་སུ་འཇོག་པ་དང་ཞིང་ཆེན་ཡོངས་ཀྱི་སློབ་གསོ་སྒྱུར་བཅོས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་འཆར་འགོད་ཀྱི་དམིགས་ཚད་མངོན་འགྱུར་བྱས་ནས་སློབ་གསོའི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཞེས་བསྟན།
    ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ། རང་རེའི་ཞིང་ཆེན་གྱི་སློབ་གསོ་སྒྱུར་བཅོས་འཕེལ་རྒྱས་ཀྱི་ལས་འགན་སྔར་བཞིན་ལྕི་ལ། ངེས་པར་དུ་སློབ་གསོ་ནི་ཞིང་ཆེན་ཡོངས་ཀྱི་སྒྱུར་བཅོས་འཕེལ་རྒྱས་ཀྱི་གནས་བབ་སྔར་བས་འབུར་ཐོན་གྱི་གནས་སུ་འཇོག་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་སྲ་བརྟན་དུ་གཏང་བ་དང་ཕྱོགས་ཡོངས་ནས་ལག་བསྟར་བྱས་ནས། 2020ལོར་སླེབས་སྐབས་རང་རེའི་ཞིང་ཆེན་གྱིས་གཞི་རྩའི་ཆ་ནས་སློབ་གསོ་དེང་རབས་ཅན་མངོན་འགྱུར་བྱེད་པ་དང་། གཞི་རྩའི་ཆ་ནས་སློབ་སྦྱོང་ཅན་གྱི་སྤྱི་ཚོགས་ཆགས་པ་དང་། སློབ་གསོ་ལ་བརྟེན་ནས་ཞིང་ཆེན་སྟོབས་ལྡན་དུ་གཏང་བ་དང་ནུབ་རྒྱུད་ཤེས་ལྡན་མི་སྣའི་ས་ཆ་གཙོ་བོ་བསྐྲུན་པའི་འཐབ་ཇུས་ཀྱི་དམིགས་ཡུལ་མངོན་འགྱུར་བྱས་ནས། སློབ་གསོ་ཡིས་མི་དམངས་མང་ཚོགས་ལ་སྔར་ལས་ལེགས་པའི་ཞབས་ཞུ་བསྒྲུབ་པ་དང་ཞིང་ཆེན་སྟོབས་ལྡན་དང་སི་ཁྲོན་དར་རྒྱས་ལ་ཞབས་ཞུ་བསྒྲུབ་དགོས།
   ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ལོ་ཆའང་གིས་ཚོགས་འདུ་གཙོ་སྐྱོང་གནང་། ཞིང་ཆེན་སློབ་གསོ་ཐིང་གིས་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་ཚུན་དང་ལྷག་པར་དུ་2015ལོའི་རང་རེའི་ཞིང་ཆེན་གྱི་སློབ་གསོའི་ལས་ཀའི་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། 2016ལོའི་སློབ་གསོའི་ལས་ཀ་བཀོད་སྒྲིག་གནང་པ་མ་ཟད། གྲོང་ཁྱེར་དང་ཁུལ་སློབ་གསོ་ཅུས་དང་མཐོ་རིམ་སློབ་གྲྭའི་འཐུས་ཚབ་སོ་སོར་བདེ་འཇགས་དོ་དམ་དང་། མཐོ་རིམ་སློབ་གྲྭའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་མཐོ་རིམ་སློབ་ཆེན་གྱི་མཐར་ཕྱིན་སློབ་མའི་ལས་ཞུགས་ལས་ཀའི་དམིགས་འབེན་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1