ཞི་ཅིན་ཕིང་གིས་ཀྲུང་གོར་སྡོད་པའི་རྒྱལ་ཁབ་བཅུའི་གསར་དུ་བསྐོས་པའི་གཞུང་ཚབ་ཆེན་མོས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱས།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-01
སྤྱི་ཟླ་2པའི་ཚེས་29ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་སྡོད་པའི་རྒྱལ་ཁབ་བཅུའི་གསར་དུ་བསྐོས་པའི་གཞུང་ཚབ་ཆེན་མོས་སྤྲད་པའི་རྒྱལ་ཡིག་དང་ལེན་མཛད། ཁོ་ཚོ་ནི་ཀྲུང་གོར་སྡོད་པའི་མོལ་ཐའི་གཞུང་ཚབ་ཆེན་མོ་ཀྲོ་ཅ་ཡིན་དང་ཧོ་ལན་གྱི་གཞུང་ཚབ་ཆེན་མོ་ཁེ་ལོ། རྒྱ་གར་གྱི་གཞུང་ཚབ་ཆེན་མོ་གོ་ཁེ་ཅི། ཤར་ཐི་མོར་གྱི་གཞུང་ཚབ་ཆེན་མོ་ཕིན་ཏི་ཐོ། པ་ཧ་མའི་གཞུང་ཚབ་ཆེན་མོ་ཀུ་མེ་སི། ཆེ་ཁིའི་གཞུང་ཚབ་ཆེན་མོ་ཁི་ཕེ་ཙི་ཅི། ཨོ་སི་ཐྲ་ལི་ཡའི་གཞུང་ཚབ་ཆེན་མོ་ཨན་སི་ཅེ། ལེད་ཝི་ཡའི་གཞུང་ཚབ་ཆེན་མོ་སར་ཅ། མོལ་དོ་ཝའི་གཞུང་ཚབ་ཆེན་མོ་ཁྱོ་ཁེ་ཡེ། ལ་ཝོ་སིའི་གཞུང་ཚབ་ཆེན་མོ་ཝན་ཏི་བཅས་རེད།
ཞི་ཅིན་ཕིང་གིས་རྒྱལ་ཁབ་སོ་སོའི་གཞུང་ཚབ་ཆེན་མོ་ཀྲུང་གོར་ཡོང་ནས་ལས་འགན་གསར་པ་ཁུར་བར་དགའ་བསུ་ཞུས་པར་མ་ཟད། ཁོ་ཚོ་བརྒྱུད་དེ་འབྲེལ་ཡོད་རྒྱལ་ཁབ་ཀྱི་འགན་འཛིན་པ་དང་མི་དམངས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་དང་སྨོན་འདུན་ཞུས། ཞི་ཅིན་ཕིང་གིས་ཀྲུང་གོ་དང་རྒྱལ་ཁབ་སོ་སོའི་འབྲེལ་བ་ལེགས་པོ་དང་ཀྲུང་གོ་མི་དམངས་དང་རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་མཛའ་བརྩེ་ཟབ་མོར་གདེང་འཇོག་བྱས་ཤིང་ཀྲུང་གོས་རྒྱལ་ཁབ་སོ་སོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བ་དང་སྲོལ་རྒྱུན་མཛའ་འབྲེལ་སྤེལ་ཟབ་ཏུ་གཏང་བ། གཉིས་ཕན་མཉམ་འབྲེལ་ལ་སྐུལ་འདེད་གཏང་བ། མི་ཆོས་བརྗེ་རེས་གཏིང་ཟབ་ཏུ་གཏང་བ། སྣ་མང་རྩ་འཛུགས་ཁྲོད་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པར་མཐོང་ཆེན་བྱེད་བཞིན་ཡོད། དེ་མིན་ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་སོ་སོའི་གཞུང་ཚབ་ཆེན་མོས་འགན་འཁྲི་ལག་བསྟར་བྱེད་པར་སྟབས་བདེ་དང་རྒྱབ་སྐྱོར་འདོན་སྤྲོད་བྱ་ངེས་ཡིན་པ་དང་། གཞུང་ཚབ་ཆེན་མོ་སོ་སོས་འགན་འཁྲི་ལག་བསྟར་བྱེད་སྐབས་ཀྲུང་གོ་དང་འབྲེལ་ཡོད་རྒྱལ་ཁབ་བར་གྱི་འབྲེལ་བ་དང་ཁྱབ་ཁོངས་སོ་སོའི་མཉམ་འབྲེལ་ལ་བྱས་རྗེས་འཇོག་དགོས་ཞེས་བསྟན།
གཞུང་ཚབ་ཆེན་མོ་དག་གིས་རྒྱལ་ཁབ་སོ་སོས་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་གཏང་བར་མཐོང་ཆེན་བྱེད་བཞིན་ཡོད་ལ། ཁོ་ཚོར་ཀྲུང་གོར་གཞུང་ཚབ་པའི་འགན་ཁུར་ཐུབ་པར་གཟི་བརྗིད་ཆེན་པོ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད། རྒྱལ་ཁབ་སོ་སོ་དང་ཀྲུང་གོའི་མཛའ་མཐུན་མཉམ་འབྲེལ་ལ་སྐུལ་འདེད་དང་རྒྱལ་ཁབ་སོ་སོའི་མི་དམངས་དང་ཀྲུང་གོ་མི་དམངས་ཕན་ཚུན་གྱི་རྒྱུན་ལོན་གཏིང་ཟབ་ཏུ་གཏང་སྟེ་མཉམ་ཕན་མཉམ་རྒྱལ་མངོན་འགྱུར་བྱུང་བར་འབད་པ་བྱ་ངེས་ཞེས་བསྟན།
ཉིན་དེར་ཞི་ཅིན་ཕིང་གིས་ད་དུང་མི་དམངས་ཚོགས་ཁང་ཆེན་མོའི་ནང་གསར་དུ་བསྐོས་པའི་ཧྲང་ཧེ་མཉམ་འབྲེལ་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ཨ་ལི་མོ་ཧྥུའུ་དང་མཇལ་འཕྲད་གནང་ཞིང་ཁོང་གིས་ཧྲང་ཧེ་མཉམ་འབྲེལ་རྩ་འཛུགས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་འབྲེལ་ལ་སྐུལ་འདེད་གཏང་བར་བྱས་རྗེས་ཆེན་པོ་འཇོག་དགོས་པའི་རེ་བ་བཏོན།།