ཞི་ཅིན་ཕིང་གིས་སྲིད་གྲོས་གྲོས་ཚོགས་ལ་ཞུགས་པའི་དམངས་གཙོ་རྒྱལ་འཛུགས་དང་བཟོ་ཚོང་མཉམ་འབྲེལ་གྱི་ཨུ་ཡོན་ལ་འཚམས་འདྲི་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-05




  སྤྱི་ཟླ་3པའི་ཚེས་4ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་དམངས་གཙོ་རྒྱལ་འཛུགས་དང་བཟོ་ཚོང་མཉམ་འབྲེལ་གྱི་ཨུ་ཡོན་རྣམས་ལ་འཚམས་འདྲི་གནང་། ཁོང་གིས་སྤྱི་དབང་ལམ་ལུགས་གཙོ་བོ་ཡིན་པ་དང་དབང་བའི་དཔལ་འབྱོར་ལམ་ལུགས་སྣ་མང་མཉམ་དུ་འཕེལ་རྒྱས་སུ་གཏོང་བའི་གཞི་རྩའི་དཔལ་འབྱོར་ལམ་ལུགས་ལག་བསྟར་བྱེད་པ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་གཏན་ལ་ཕབ་པའི་སྲིད་ཇུས་ཆེན་པོ་ཞིག་ཡིན་པས།  ངེས་པར་དུ་བློ་བརྟན་འགྱུར་མེད་སྒོས་སྤྱི་དབང་ལམ་ལུགས་ཀྱི་དཔལ་འབྱོར་སྲ་བརྟན་དང་འཕེལ་རྒྱས་སུ་གཏང་དགོས་པ་དང་། བློ་བརྟན་འགྱུར་མེད་སྒོས་སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་གྱི་འཕེལ་རྒྱས་ལ་སྐུལ་སློང་དང་རྒྱབ་སྐྱོར། སྣེ་ཁྲིད་བྱ་དགོས། སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་གྱིས་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཕེལ་རྒྱས་ཁྲོད་ཟིན་པའི་གོ་གནས་དང་ནུས་པར་འགྱུར་བ་བྱུང་མེད་ལ། ང་ཚོས་སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་གྱི་འཕེལ་རྒྱས་ལ་སྐུལ་སློང་དང་རྒྱལ་སྐྱོར། སྣེ་ཁྲིད་བཅས་བྱེད་པའི་ཐབས་ཕྱོགས་སྲིད་ཇུས་ལ་འགྱུར་བ་བྱུང་མེད། ང་ཚོས་སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་འཕེལ་རྒྱས་སུ་ཕྱིན་པར་ཁོར་ཡུག་བཟང་པོ་བསྐྲུན་པ་དང་གོ་སྐབས་མང་པོ་འདོན་སྤྲོད་བྱེད་པའི་ཐབས་ཕྱོགས་སྲིད་ཇུས་ལ་འགྱུར་བ་བྱུང་མེད་ཅེས་བསྟན།། 





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1