ལིའུ་ཡུན་ཧྲན་ནང་སོག་གི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-07


  སྤྱི་ཟླ་3པའི་ཚེས་5ཉིན། ཀྲུང་གོ་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ཨུ་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཧྲུའུ་ཅི་ལིའུ་ཡུན་ཧྲན་ནང་སོག་འཐུས་མི་ཚོགས་པའི་གྲོས་ཞིབ་ཏུ་ཞུགས་ཏེ་མཉམ་དུ་སྲིད་གཞུང་ལས་ཀའི་སྙན་ཞུ་ལ་གྲོས་ཞིབ་བྱས། 

ལིའུ་ཡུན་ཧྲན་གྱིས་ཏང་གི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་ཚུན་ནས་བློ་མཐུན་ཞི་ཅིན་ཕིང་གིས་འགོ་ཁྲིད་འོག་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་སྣེ་ཁྲིད་ནས་བློ་རྩ་བརྟན་པོ་དང་ཡར་རྒྱས་བརྩོན་ལེན། འགག་སྒྲོལ་དཀའ་སེལ་བྱས་ནས་རྒྱལ་སྐྱོང་སྲིད་གཉེར་གྱི་ཚད་རིམ་གསར་པ་ཞིག་གསར་གཏོད་བྱས།     ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱ་ཁྱོན་གསར་པ་ཞིག་གཏོད་ནས་གོམ་གང་མདུན་སྤོས་སྒོས་ང་ཚོའི་བགྲོད་ལམ་ཡིད་ཆེས་དང་གཞུང་ལུགས་ཡིད་ཆེས། ལམ་ལུགས་ཡིད་ཆེས་སྲ་བརྟན་དུ་བཏང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཐོབ་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་མདུན་ལྗོངས་གསལ་པོར་མངོན་པ་རེད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1