སི་ཁྲོན་བོད་ཁུལ་རྒྱལ་ཡོངས་ཀྱི་ཡུལ་སྐོར་དབུལ་སྐྱོར་ཚོད་ལྟ་ཁུལ་དུ་བསྐྲུན་རྒྱུ་རེད།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 03-07


  རྒྱལ་ཡོངས་ཀྱི་སྲིད་གྲོས་ཨུ་ཡོན་ཝང་ཧྥུའུ་ཡོན་གྱིས་ཡུལ་སྐོར་དབུལ་སྐྱོར་ནི་རང་བརྟེན་གྱི་རྣམ་པ་ཞིག་ཡིན་པ་མ་ཟད་ད་དུང་སྒོ་འབྱེད་ཀྱི་རྣམ་པའི་ཞིག་ཡང་ཡིན།  ཕྱི་ཕྱོགས་ཀྱི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། དེ་མིན་དེང་རབས་ཅན་གྱི་འཚོ་བ་རོལ་སྟངས་དང་ཚོང་ར་ཅན་གྱི་ཚོང་གཉེར་བྱེད་སྟངས་མགྱོགས་མྱུར་ངང་བོད་ཁུལ་དུ་དར་སྤེལ་དུ་གཏང་ན་བོད་རིགས་མི་དམངས་ཀྱི་བསམ་བློའི་སྟེང་གི་དབུལ་སྒྲོལ་ལ་ནུས་པ་གལ་ཆེན་ཐོན་པ་དང་།   བོད་ཁུལ་སྲོལ་རྒྱུན་ནས་དེང་རབས། བཀག་སྡོམ་ཅན་ནས་སྒོ་འབྱེད་ཅན་ལ་འགྱུར་བར་སྐུལ་འདེད་གཏང་ངེས།   དེང་སྐབས་སི་ཁྲོན་བོད་ཁུལ་གྱི་འགྲིམ་འགྲུལ་གྱི་བཀག་འགོག་གནད་དོན་ད་དུང་འབུར་ཐོན་ཡིན་པ་དང་། རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་སྤྱི་ཆ་ནས་རྗེས་ལུས་ཡིན་པ། ཡུལ་སྐོར་ཐོན་ཁུངས་ལ་སྔོག་འདོན་དང་གསར་སྤེལ་བྱེད་ཤུགས་ད་དུང་མི་འདང་བ། ཐོན་ཁུངས་ཀྱི་ཆ་རྐྱེན་ལེགས་པོ་དེ་དཔལ་འབྱོར་ཆ་རྐྱེན་བཟང་པོ་ལ་འགྱུར་མེད་པ་བཅས་ཀྱི་བསམ་ཚུལ་བསྟན།  
  ཨུ་ཡོན་རྣམས་ཀྱིས་བོད་ཁུལ་གྱི་ཡུལ་སྐོར་འཕེལ་རྒྱས་དེ་རྒྱལ་ཁབ་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཕེལ་རྒྱས་ཀྱི་སྤྱིའི་འཐབ་ཇུས་ནང་བཞག་ནས། རྒྱལ་ཁབ་ཀྱི་ངོས་ནས་ཤུགས་ཆེན་པོས་བོད་ཁུལ་གྱི་སྐྱེ་ཁམས་ཡུལ་སྐོར་དཔལ་འབྱོར་གྱི་ཁྲིད་སྟོན་བསམ་བློ་དང་སྒྲིག་ལུགས་གཏན་འཁེལ་བྱས་ཏེ་ སི་ཁྲོན་བོད་ཁུལ་རྒྱལ་ཡོངས་ཀྱི་ཡུལ་སྐོར་དབུལ་སྐྱོར་ཚོད་ལྟ་ཁུལ་ཞིག་ཏུ་བཟུང་ནས་རྨང་གཞིའི་སྒྲིག་བཀོད་དང་སྤྱིའི་ཞབས་ཞུ། གྲོང་རྡལ་དང་གྲོང་གསེབ་དམིགས་སུ་བཟུང་སྟེ་འཛུགས་སྐྲུན་བྱ་དགོས།  ཀྲུང་གོའི་ཆེས་མཛེས་པའི་བགྲོད་ལམ་G318/317ཏེ་ཁྲོན་བོད་འཛམ་གླིང་ཡུལ་སྐོར་བྱ་ཡུལ་གཙོ་གནད་དུ་བཟུང་སྟེ་འཛུགས་སྐྲུན་བྱས་ཏེ་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ཀྱི་ཀྲུང་གོས་འཛམ་གླིང་ལ་བསྐྲུན་པའི་རྒྱལ་སྤྱིའི་ཡུལ་སྐོར་སྤུས་དག་ཅིག་ཏུ་བསྐྲུན་དགོས།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1