ལི་ཁེ་ཆང་ཧྲན་ཏུང་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-07


  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ཁེ་ཆང་ཚེས་དྲུག་ཉིན་གྱི་སྔ་དྲོར་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཧྲན་ཏུང་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།
    ལི་ཁེ་ཆང་གིས་ད་ལོའི་རྒྱལ་ཁབ་ཕྱི་ནང་གི་རྙོག་འཛིང་ཆེ་བའི་གནས་བབ་དང་འགྲན་རྩོད་ལ་ཁ་གཏོད་སྐབས་ང་ཚོར་དཔལ་འབྱོར་སྤྱི་ཚོགས་བརྟན་བརླིང་ངང་འཕེལ་རྒྱས་སུ་གཏང་བའི་ནུས་པ་དང་ཡིད་ཆེས་ཡོད། སྤྱི་སྣང་ལེགས་སྒྲིག་དང་གསར་གཏོད་ལེགས་སྒྲིག་བྱེད་པའི་བར་སྟོང་ཅུང་ཆེ་ཞིང་ལྷག་པར་ན་ནིང་ནས་བཟུང་བཏོན་པའི་བརྟན་བརླིང་ངང་འཕེལ་རྒྱས་སུ་གཏང་བ་དང་བཅོས་སྒྱུར་ལ་སྐུལ་འདེད། སྒྲིག་གཞི་ལེགས་སྒྲིག མི་དམངས་ཀྱི་འཚོ་བར་ཁེ་ཕན་བསྐྲུན་པའི་སྲིད་ཇུས་ཀྱིས་ནུས་པ་ད་དུང་མངོན་གསལ་ཡིན་ངེས་ལ། དེ་དག་གིས་དཔལ་འབྱོར་མཐོ་འབྲིང་ཆུ་ཚད་ཁྲོད་འཕེལ་རྒྱས་སུ་ཕྱིན་པ་རྒྱུན་འཁྱོངས་དང་མཐོ་འབྲིང་ཆུ་ཚད་དུ་འཕེལ་བར་སྐུལ་འདེད་ཀྱི་ནུས་པ་འདོན་སྲིད་ཅེས་བསྟན།  
  ལི་ཁེ་ཆང་གིས་ནུས་ཤུགས་གསར་རྙིང་ལ་བསྒྱུར་བཀོད་བྱེད་པར་མགྱོགས་མྱུར་ངང་སྲིད་གཞུང་གི་འགན་ནུས་བསྒྱུར་བཀོད་བྱེད་དགོས་ལ། མུ་མཐུད་དུ་སྲིད་བསྡུ་དབང་གཏོང་དང་སྲིད་གཏོང་དང་དོ་དམ་མཉམ་འབྲེལ་བྱེད་པ། ཞབས་ཞུའི་བཅོས་སྒྱུར་ལེགས་བཅོས་བྱེད་པར་སྐུལ་འདེད་བཏང་སྟེ་ཁེ་ལས་ཀྱི་ལས་གཏོད་གསར་གཏོད་ལ་ཤུགས་སྣོན་དང་དྲང་བདེན་གྱི་འགྲན་རྩོད་ཁོར་ཡུག་བསྐྲུན་དགོས། དེ་མིན་སློབ་གསོ་དང་སྨན་བཅོས། སྡོད་ཁང་། སྤྱི་ཚོགས་འགན་བཅོལ། ཟས་རིགས་བདེ་འཇགས་སོགས་མི་དམངས་ཀྱི་དོ་སྣང་ཆེན་པོ་བྱེད་བཞིན་པ་དག་སྲིད་གཞུང་ལས་ཀའི་ཤུགས་འདོན་ས་གཙོ་བོ་བྱ་དགོས། དམངས་འཚོའི་ཚད་གཞིར་རྒྱུས་ལོན་དང་མགྱོགས་མྱུར་སྒོས་དབུལ་སྒྲོལ་འགག་སྒྲོལ་བྱ་དགོས་པར་མ་ཟད། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་གོ་རིམ་ཁྲོད་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་མཐོར་འདེགས་སུ་གཏང་དགོས་ཞེས་བསྟན།། 


རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1