སྤྱི་ཟླ་3པའི་ཚེས་8ཉིན། ཝུན་ཁྲོན་རྫོང་གིས་རིག་རྩལ་གྱི་སྒེག་ཉམས་ངོམ་སྟེ་བུད་མེད་དུས་ཆེན་ལ་རྟེན་འབྲེལ་ཞུ་ཞེས་པའི་བརྗོད་བྱ་ཡིན་པའི་གསུམ་བརྒྱད་དུས་ཆེན་གྱི་བྱེད་སྒོ་སྤེལ། རྫོང་དེ་གའི་བུད་མེད་རྣམས་ཀྱིས་རང་རང་གི་རིག་རྩལ་འཁྲབ་སྟོན་དང་ཤོག་དྲིས་ལག་རྩལ། ཆའང་ལུགས་འཚེམ་འདྲུབ། ཡིག་གཟུགས་དང་མཛེས་རྩལ་སོགས་ཀྱི་རྩལ་ནུས་འགྲེམ་སྟོན་བྱས་ཏེ་དུས་ཆེན་ལ་རྟེན་འབྲེལ་ཞུས། དེ་ལས་གཞན་དུས་ཆེན་གྱི་ཉིན་དེར། ཝན་ཁྲོན་རྫོང་གི་ས་གནས་སོ་སོས་ཡུལ་ཚོའི་བུད་མེད་ཀྲུའུ་རེན་དང་བུད་མེད་འཚེམ་བཟོ་པ། ཞིང་གྲོང་གི་བུད་མེད་ཕྱུག་འགྱུར་འགོ་ཁྲིད་པ་དང་རྫོང་ཡོངས་ཀྱི་བུད་མེད་ལས་བྱེད་པ་བཅས་རྩ་འཛུགས་བྱས་ཏེ་རྣམ་པ་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ།།