སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་བཞི་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-12


         

  སྤྱི་ཟླ་3པའི་ཚེས་10ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་བཞི་པས་མི་དམངས་ཚོགས་ཁང་ཆེན་མོ་རུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་ཤིང་ཨུ་ཡོན་15ཡིས་སོ་སོས་དཔལ་འབྱོར་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་དམིགས་ནས་ཚོགས་ཆེན་གྱི་གཏམ་བཤད་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེན་ཧྲེང་ཚོགས་ཞུགས་གནང་། 

  ཐེངས་འདིའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ནི་ཏུའུ་ཆིང་ལིན་དང་ལོའོ་ཧྥུ་ཧོ། ཁྲེན་ཡོན། ཝང་ཅཱ་རའེ། ཁྲེན་ཞའོ་ཀོང་། མཱ་ཕའེ་ཧྭ་བཅས་ཡིན། མཱ་ཕའེ་ཧྭ་ཡིས་ཚོགས་འདུར་གཙོ་སྐྱོང་གནང་། 

  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའོ་ཏུང་ཐིང་དང་ཀྲུང་གུང་ཀྲུང་དབྱང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་པ་དག་ཚོགས་འདུར་ཞུགས་ཏེ་གཏམ་བཤད་ལ་མཉན། 

  རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧང་ཆི་ཏའེ་དང་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཝང་ཀང་། ལིན་ཝུན་ཡུས། ཧུ་ཧའོ་ཧྭ། ཀྲང་ཆིང་ལི། ལི་ཧའེ་ཧྥུང་། ལུ་ཀྲན་གུང་། ཀྲུའུ་ཞའོ་ཁྲོན། ཝང་ཀྲེང་ཝའེ། མ་པེའོ། ཆི་ཞི་ཁྲུན། ལིའོ་ཞའོ་ཧྥུང་། ཝང་ཆིང་མིན་བཅས་ཚོགས་འདུར་ཞུགས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1