རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པས་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-14


            སྤྱི་ཚེས་12ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པས་མི་དམངས་ཚོགས་ཁང་ཆེན་མོ་རུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཤིང་ཨུ་ཡོན་15ཡིས་སོ་སོས་ཆབ་སྲིད་དང་འཐབ་ཕྱོགས་གཅིག་གྱུར་གྱི་སྲིད་གྲོས་ལས་ཀའི་ཐད་ནས་ཚོགས་ཆེན་གྱི་གཏམ་བཤད་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེན་ཧྲེང་གྲོས་ཚོགས་སུ་ཞུགས། 

            ཐེངས་འདིའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ནི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་དང་ལིན་ཝུན་ཡུས། ཀྲང་ཆིང་ལི། ཀྲུའུ་ཞའོ་ཁྲོན་དང་མ་པིའོ། ཝང་ཆིན་མིན་བཅས་ཡིན། གལ་བསྟར་ཀྲུའུ་ཞི་ལི་ཧའེ་ཧྥུང་གིས་ཚོགས་འདུར་གཙོ་སྐྱོང་གནང་། 

            ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་སུན་ཁྲོན་ལན་དང་ཀྲུང་གུང་ཀྲུང་དབྱང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་པ་དག་ཚོགས་འདུར་ཞུགས་ཏེ་གཏམ་བཤད་ལ་མཉན། 

            རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཆིང་ལིན་དང་ཧང་ཆི་ཏའེ། ཏུང་ཅན་ཧྭ། ཝན་ཀང་། ལུའོ་ཧྥུ་ཧོ། ཧོ་ཧོའུ་ཧྭ། ཁྲེན་ཡོན། ལུའུ་ཀྲན་ཀུང་། ཝང་ཅ་རུའེ། ཝང་ཀྲེང་ཝའེ། ཆི་ཞུས་ཁྲོན། ཁྲེན་ཞའོ་ཀོང་། མ་ཕའེ་ཧྭ། ལིའུ་ཞའོ་ཧྥེང་བཅས་ཚོགས་འདུར་ཞུགས།།


རྩོམ་ཡིག་སྔོན་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1