སི་ཁྲོན་གྱི་དམངས་ཕན་དབུལ་སྐྱོར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-14


     2020ལོར་སྐབས་རང་རེའི་ཞིང་ཆེན་གྱིས་ཕྱོགས་ཡོངས་ནས་དབུལ་ཕོངས་སེལ་རྒྱུ་དང་། བརྒྱུད་རིམ་འདིའི་ནང་དུ། ཅི་ལྟར་བྱས་ནས་དབུལ་ཕོངས་མང་ཚོགས་ཀྱི་ཐོབ་ཚོར་ཆེར་སྐྱེད་པའི་ཐད་ལ།  ཞིང་ཆེན་ཏང་ཨུའི་གཞུང་ལས་ཐིང་དང་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིང་གིས་པར་བཀྲམ་བྱས་པའི་《2016ལོའི་ལས་ཀའི་འཆར་གཞིའི་དབུལ་སྐྱོར་ཆེད་དོན་བཅུ་བདུན།》ནང་དུ། ལས་ཞུགས་དང་སྤྱི་ཚོགས་འགན་བཅོལ། སློབ་གསོ། འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ། ཚན་རྩལ། རིག་གནས་སོགས་ཀྱི་ལོ་རེའི་ཆེད་དོན་འཆར་གཞིས་དབུལ་ཕོངས་མང་ཚོགས་ལ་ཁེ་ཕན་ཆེན་པོ་བསྐྲུན་ངེས།


     ལས་ཞུགས།

     དབུལ་ཕོངས་མི་སྣས་དྲ་ཐོག་ཚོང་ཁང་གཉེར་ན་ལས་གཏོད་རོགས་སྐྱོར་ལོངས་སྤྱོད་བྱ་ཆོག
     ད་ལོར་དབུལ་ཕོངས་ཁྱིམ་ཚང་ཁྲི་10ཡི་ངལ་རྩོལ་པ་རྩ་འཛུགས་བྱས་ནས་ངལ་ལས་མཚོན་རྟགས་སྤུས་ལེགས་ཅན་གྱི་གསོ་སྦྱོང་དང་ལས་རིགས་ཁག་གི་རྩལ་ནུས་གསོ་སྦྱོང་ལ་ཞུགས་སུ་འཇུག་རྒྱུ་རེད།
   བཟོ་ཚོང་ཐོ་བཀོད་བྱས་པའི་དབུལ་ཕོངས་ཁྱིམ་ཚང་གི་དྲ་ཐོག་ཚོང་ཁང་དེ་ལས་གཏོད་རོགས་སྐྱོར་གྱི་ཁྱབ་ཁོངས་ནང་དུ་འཇོག་རྒྱུ་རེད། 
     འཆར་གཞི་ལྟར་ད་ལོ་ཆིན་པ་རི་ཁུལ་དང་ཝུའུ་མོང་རི་ཁུལ་གྱི་དབུལ་ཕོངས་ཁྱིམ་ཚང་གི་ངལ་རྩོལ་པའི་གནས་སྤོ་ཕྱིར་འདོན་གྱི་གཞི་ཁྱོན་དང་ལས་འབབ་ཡོང་སྒོ་2%ཀྱིས་འཕར་དགོས་པ་དང་། ལའང་ཧྲན་དབྱིས་ཁུལ་ཆེ་ཆུང་དང་མཐོ་སྒང་བོད་ཁུལ་གྱི་དབུལ་ཕོངས་ཁྱིམ་ཚང་གི་ངལ་རྩོལ་པའི་གནས་སྤོ་ཕྱིར་འདོན་གྱི་གཞི་ཁྱོན་དང་ངལ་རྩོལ་ཡོང་སྒོ་3%འཕར་དགོས། 
 
    སྤྱི་ཚོགས་འགན་བཅོལ། 
     དབང་པོ་སྐྱོན་ཅན་གྱི་དབུལ་སྐྱོར་བྱ་ཡུལ་ལ་འཚོ་བའི་ཁ་གསབ་ལག་བསྟར་བྱ་རྒྱུ་རེད།
     རྩ་འཛུགས་བྱས་ནས་ཚབས་ཆེ་བའི་དབང་པོ་སྐྱོན་ཅན་གྱི་ནད་གཡོག་ཁ་གསབ་དང་དཀལ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་ལག་བསྟར་བྱ་རྒྱུ་རེད། 
   2016ལོར་དབུལ་ཕོངས་ས་ཁུལ་གྱི་གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་ལ་གཅིག་བསྡུས་སྒོས་སྲི་ཞུ་བསྒྲུབ་པ་ཡིད་ཚིམ་ཚད་55%ཟིན་དགོས།
  
     སློབ་གསོ། 
     མི་རིགས་ས་ཁུལ་གྱི་མཐོ་འབྲིང་སློབ་ཡོན་དང་སློབ་དེབ་ལ་རིན་སྤྲོད་མི་དགོས། 
   ལོ་མཇུག་ཏུ་རྒྱལ་ནང་སློབ་གྲྭ་དང་དབྱིས་རིགས་ས་ཁུལ་གྱི་སློབ་གྲྭ་1000གི་ཁ་གཏད་རོགས་སྐྱོར་མངོན་འགྱུར་བྱུང་དགོས། 
     ཞིང་ཆེན་ཡོངས་ཀྱི་ཡིག་ཚགས་བསྡུ་སྒྲིག་དབུལ་ཕོངས་ཁྱིམ་ཚང་གི་འབྲིང་རིམ་སློབ་མར་སློབ་སྐབས་རེ་ལ་འཚོ་བའི་ཁ་གསབ་རོགས་དངུལ་སྒོར་500རེ་སྤྲོད་རྒྱུ། 
    《སི་ཁྲོན་ཞིང་ཆེན་གྱི་སློབ་གསོ་དབུལ་སྐྱོར་གྱི་2016ལོའི་ལས་ཀའི་འཆར་གཞི།》ནང་དུ་བཏོན་པ་ལྟར་ན། སྔར་ལས་ལྷག་པའི་སྒོ་ནས་དབུལ་ཕོངས་སློབ་མའི་རོགས་དངུལ་སྤྲོད་ཤུགས་ཆེ་རུ་གཏང་དགོས།
 
    འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ། 
    མང་ཚོགས་ནད་ཀྱི་རྐྱེན་གྱིས་དབུལ་པོར་ཆགས་པ་དང་ནད་ཀྱི་རྐྱེན་གྱིས་དབུལ་པོར་ཕྱིར་ལོག་པའི་གནས་ཚུལ་དང་ཁ་བྲལ་དུ་བཅུག་དགོས། 
    དབུལ་ཕོངས་རྫོང་88ཀྱི་ཡུལ་ཤོག་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་གྲོང་སྡེའི་འཕྲོད་བསྟེན་ཁང་གི་འཛུགས་སྐྲུན་ཚང་མ་ཚད་ལྡན་ཡིན་དགོས།  
  ད་ལོར། རང་རེའི་ཞིང་ཆེན་གྱིས་ཤུགས་ཆེན་པོས་དབུལ་ཕོངས་མང་ཚོགས་ཀྱི་སྨན་བཅོས་སྐྱོབ་རོགས་ཀྱི་རོགས་སྐྱོར་ལས་ཀ་སོགས་་ལས་ཀ་ལྔ་ལག་བསྟར་བྱེད་རྒྱུ་ཡིན་ལ། སྔར་ལས་མང་བའི་དབུལ་པོ་མང་ཚོགས་ནད་ཀྱི་རྐྱེན་གྱིས་དབུལ་པོར་ཆགས་པ་དང་ནད་ཀྱི་རྐྱེན་གྱིས་དབུལ་པོར་ཕྱིར་ལོག་པའི་གནས་ཚུལ་དང་ཁ་བྲེལ་དགོས། 
  
    ཚན་རྩལ། 
    དབུལ་ཕོངས་རྫོང་ཁག་88ཀྱི་ཚན་རྩལ་ཞབས་ཞུའི་དྲ་རྒྱའི་མ་ལག་འཛུགས་སྐྲུན་བྱ་དགོས། 
    དབུལ་ཕོངས་རྫོང་ཁག་88ཀྱི་གྲོང་གསེབ་ཐོན་ལས་ལག་རྩལ་ཞབས་ཞུའི་ལྟེ་གནས་འཛུགས་སྐྲུན་བྱ་དགོས། 
   ཚན་རྩལ་མི་སྣ་450ཡིས་རྣམ་གྲངས་དང་མ་དངུལ་ཁྱེར་ནས་དབུལ་ཕོངས་ས་ཁུལ་དུ་སོང་ནས་ཚན་རྩལ་རོགས་སྐྱོར་བྱ་དགོས། 
 
   རིག་གནས། 
    དབུལ་ཕོངས་གྲོང་ཚོ་1801གི་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་གྲོང་ཚོ་གསར་པའི་རིག་གནས་ཁུལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱ་དགོས། 
    དབུལ་ཕོངས་ས་ཁུལ་དུ་རིག་གནས་དང་ཡུལ་སྐོར། ཞིང་ལས། སྐྱེ་ཁམས་སོགས་མཉམ་འདྲེས་འཕེལ་རྒྱས་འཆར་འགོད་སྤེལ་པར་མཛུབ་ཁྲིད་བྱ་དགོས། 
   《སི་ཁྲོན་ཞིང་ཆེན་གྱི་རིག་གནས་དམངས་ཕན་དབུལ་སྐྱོར་གྱི་2016ལོའི་ལས་ཀའི་འཆར་གཞི།》ནང་དུ་བཏོན་པ་ལྟར་ན། ད་ལོར་དབུལ་ཕོངས་རྫོང་ཁག་88ལ་ཁ་གཏད་དེ། དབུལ་ཕོངས་རྫོང་ཁག་5ཡི་དབུལ་ཕོངས་ཡུལ་ཚོ་2350དང་གྲོང་གསེབ་ཀྱི་དབུལ་ཕོངས་མི་གྲངས་ཁྲི་105ཡི་རིག་གནས་དམངས་ཕན་གྱི་དབུལ་སྐྱོར་ལས་ཀ་དམ་འཛིན་ལེགས་པོ་བྱ་དགོས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1