3•10ས་ཡོམ་གྱིས་ལི་ཐང་རྫོང་གི་ཁྱིམ་ཚང་669ཡི་ཁང་པར་ཚད་མི་འདྲ་བའི་གནོད་སྐྱོན་ཐེབས།
ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 03-14
སྤྱི་ཟླ་3པའི་ཚེས་11ཉིན། གསར་འགོད་པས་ལི་ཐང་རྫོང་གནོད་འཚེ་སྔོན་འགོག་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། 3•10ས་ཡོམ་གྱིས་རྫོང་དེའི་ཁྱིམ་ཚང་669ཡི་ཁང་པ་ལ་ཚད་མི་འདྲ་བའི་གནོད་སྐྱོན་ཐེབས་པ་རེད།
སྤྱི་ཟླ་3པའི་ཚེས་10ཉིན་གྱི་སྔ་དྲོ་ཆུ་ཚོད་6གི་སྟེང་། ལི་ཐང་རྫོང་ལ་ཚད་རིམ་་4.2ཅན་གྱི་ས་ཡོམ་བྱུང་། ས་ཡོམ་གནས་ཚུལ་གྱི་སྙན་ཞུ་འབྱོར་རྗེས། རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་མགྱོགས་མྱུར་ངང་གནོད་འཚེ་ཞིབ་བཤེར་གྱི་ལས་ཀ་ཚན་ཆུང་3མངགས་སྟེ་བླ་མ་ཡག་ཡུལ་ཤོག འགྲམ་སྣ་ཡུལ་ཤོག། མཆོད་རྟེན་ཡུལ་ཤོག་སོགས་ཡུལ་ཤོག་ལྔའི་ས་ཡོམ་གྱི་གནོད་འཚེའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། ད་དུང་ཡུལ་ཤོག་གཞན་པའི་གནོད་འཚེ་སྐོར་ལ་འདྲི་རྟོག་བྱས། ད་ལྟའི་བར་དུ། རྫོང་ཡོངས་ཀྱི་ཡུལ་ཤོག་5དང་སྲིད་འཛིན་ཡུལ་ཚོ་45ལ་གནོད་འཚེ་ཐེབས་པ་དང་། ཁྱིམ་ཚང་669ཡི་ཁང་པ་ལ་ཚད་མི་འདྲ་བའི་གནོད་འཚེ་ཐེབས། དེའི་ནང་དུ་ཁྱིམ་ཚང36གི་ཁང་པ་ཉེན་ཁ་ཅན་གྱི་ཁང་པར་གྱུར། ཡུལ་སྡེའི་རིམ་པའི་བྱེད་སྒོ་ལྟེ་གནས་6ལ་གནོད་འཚེ་ཐེབས་ཤིང་དེའི་ནང་གི་བྱེད་སྒོ་ལྟེ་གནས་3ཡང་ཉེན་ཁ་ཅན་གྱི་ཁང་པར་གྱུར་ཡོད། གནས་ཚུལ་ལྟར་སྡོད་ཁང་འཛུགས་སྐྲུན་སྡེ་ཁག་གིས་ཉེན་ཁ་ཅན་གྱི་ཁང་པར་ཚོད་དཔག་བྱས་ཏེ་ཁ་གསབ་རོགས་སྐྱོར་ཇུས་གཞི་བཏོན་རྒྱུ་རེད།།