ཞི་ཅིན་ཕིང་བཅིངས་འགྲོལ་དམག་གི་འཐུས་ཚབ་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སུ་ཞུགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-14


 
  སྤྱི་ཟླ་3པའི་ཚེས13་ཉིན། ཀྲུང་གོ་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།  རྒྱབ་ཁབ་ཀྱི་ཀྲུའུ་ཞི།  ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་བཅིངས་འགྲོལ་དམག་གི་འཐུས་ཚབ་ཚོགས་པའི་ཚང་འཛོམས་གྲོས་ཚོགས་སུ་ཞུགས་པ་མ་ཟད་གསུང་བཤད་གལ་ཆེ་གནང་། 
  ཞི་ཅིན་ཕིང་གིས་གསར་གཏོད་ནི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་སྒུལ་ཤུགས་གཙོ་བོ་ཡིན།  གསར་གཏོད་སྐུལ་འདེད་ཀྱི་འཕེལ་རྒྱས་ཐབས་ཇུས་ནི་རང་རྒྱལ་འཕེལ་རྒྱས་ཀྱི་ཁ་ཚ་དགོས་གཏུག་གི་རེ་བ་ཡིན་པས་ངེས་པར་དུ་འབུར་ཐོན་གོ་གནས་སུ་འཇོག་དགོས།   གསར་གཏོད་ཀྱི་ནུས་པ་ནི་དམག་དཔུང་ཞིག་གི་འགྲན་བརྩོན་གྱི་ནུས་ཤུགས་གཙོ་བོ་ཞིག་ཡིན་ལ། འཐབ་འཛིང་གི་ནུས་ཤུགས་ཡར་བསྐྱེད་དང་ནུས་ཤུགས་གོང་དུ་འཕེལ་བའི་མགྱོགས་སྐུལ་འཕྲུལ་ཆས་ལྟ་བུ་ཡིན།  རིམ་པ་སོ་སོའི་འགོ་ཁྲིད་ཀྱིས་བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ། དུས་བསྟུན་འཕེལ་རྒྱས། གསར་གཏོད་སྐུལ་འདེད། གསར་གཏོད་ལ་རྒྱབ་སྐྱོར། གསར་གཏོད་ལ་སྣེ་ཁྲིད་བཅས་བྱས་ཏེ་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་གྱི་སྤུས་ཚད་དང་ཕན་ཕྱོད། རྒྱུན་མཐུད་འཕེལ་རྒྱས་སྔར་ལས་མཐོ་བ་མངོན་འགྱུར་འབྱུང་དགོས་ཞེས་བསྟན།  
  གྲོས་ཚོགས་མཇུག་སྒྲིལ་རྗེས།  ཞི་ཅིན་ཕིང་གིས་གཞི་རིམ་ནས་ཡོང་པའི་དམག་དཔུང་རྣམས་དང་སློབ་གསོ་ཞིབ་འཇུག་པའི་འཐུས་མི་ཁག་ཅིག་དང་བྱམས་བརྩེ་ངང་མཇལ་འཕྲད་གནང་།  ཁོ་ཚོའི་སློབ་སྦྱོང་དང་ལས་དོན་གྱི་གནས་ཚུལ་ལ་རྒྱུས་ལོན་དང་ཁོ་ཚོར་རང་འཁྲིའི་ལས་ཀར་གཞི་འཛུགས་ཏེ་ལས་ཀའི་དོན་དངོས་དང་འབྲེལ་ནས་ལག་ལེན་དང་གསར་གཏོད་བྱ་ཕོད་པའི་དཔེ་སྟོན་དང་སྐུད་ཁྲིད་ཀྱི་ནུས་པ་འདོན་ནས་དམག་སྒར་ནང་སར་གཏོད་དང་གསར་སྤེལ་གྱི་ཁ་དབུགས་ལེགས་པོ་ཞིག་བསྐྲུན་དགོས་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1