རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་སི་ཁྲོན་ཨུ་ཡོན་གྱི་པར་རིས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-15


  ཟླ་3པའི་ནང་། སི་ཁྲོན་དུ་བཅའ་སྡོད་བྱས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་ཀྱིས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་བསམ་ཚུལ་དང་རེ་བ་ཆེན་པོ་ཁྱེར་ཏེ་རྒྱལ་ས་པེ་ཅིང་དུ་འཛོམས་ནས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པར་ཞུགས། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ལེན་པའི་ལོ་རྒྱུས་ཀྱི་དུས་མཚམས་གསར་པ་འགོ་ཚུགས་པའི་ལོ་འདིར་སི་ཁྲོན་དུ་བཅའ་སྡོད་བྱས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ་སྲ་བརྟན་དང་ལག་བསྟར་དོན་འཁྱོལ་བྱས་ཏེ། འཕེལ་རྒྱས་ཀྱི་འཆར་གཞི་བཀོད་པ་དང་དམངས་འཚོ་ལ་བགྲོ་གླེང་བྱེད་པ། སེམས་ཤུགས་གང་ཡོད་ཀྱིས་ལས་འགན་ལེགས་པོར་བསྒྲུབ་པ་དང་ཐབས་འདོན་ཇུས་འབུལ་བྱས།  ཁོ་ཚོས་ཡུལ་དངོས་རྟོག་ཞིབ་གཏིང་ཟབ་ཏུ་སྤེལ་བ་རྒྱུན་འཁྱོངས་བྱས་ཏེ་མང་ཚོགས་ལ་འབྲེལ་གཏུག་དང་གྲོས་མོལ་གྱིས་རྣམ་པ་རྒྱ་སྐྱེད་གཏོང་བ། གྲོས་མོལ་གྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། གྲོལ་མོལ་གྱི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་བཏང་སྟེ་སྲིད་ཞུགས་སྲིད་མོལ་གྱི་ཆུ་ཚད་ལེགས་པོར་མངོན། ཟླ་3པའི་ཚེས་12ཉིན་བར་སི་ཁྲོན་དུ་བཅའ་སྡོད་བྱས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་ཀྱིས་ཁྱོན་བསྡོམས་གྲོས་གཞི་ཁག་227བཏོན་པ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1