སྤྱི་ཟླ་3པའི་ཚེས་5ནས་ཚེས་15བར་ལི་ཐང་རྫོང་ཟས་རིགས་དང་སྨན་རྫས། བཟོ་ཚོང་སྤུས་ཚད་ལྟ་སྐུལ་ཅུས་དང་རྫོང་མཛད་སྤྱོད་པའི་མཐུན་ཚོགས་ཀྱིས་འཛད་སྤྱོད་གསར་པ་དང་འབྲེལ་བའི་བྱེད་སྒོ་སྤེལ།
སྤྱི་ཟླ་3པའི་ཚེས་15ཉིན། ལི་ཐང་རྫོང་གིས་གེ་སར་ཐང་ཆེན་ཏུ་《མཛད་སྤྱོད་བཅའ་ཁྲིམས།》《བརྡ་ཁྱབ་བཅའ་ཁྲིམས།》《ཚོང་རྟགས་བཅའ་ཁྲིམས།》《ཚུལ་མཐུན་མ་ཡིན་འགྲན་རྩོལ་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས།》《ཐོན་རྫས་ཀྱི་རྒྱུ་སྤུས་བཅའ་ཁྲིམས།》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་རབ་དང་རིམ་པའི་ཁྲིམས་ལུགས་གསར་པ་ཁྱབ་སྒྲོག་བྱེད་པའི་བྱེད་སྒོ་སྤེལ་བ་དང་ཁྱབ་སྒྲོག་ཡིག་ཆ་400ལྷག་འགྲེམ་སྤེལ་བྱས། སྤྱི་ཟླ་3པའི་ཚེས་5ཉིན་ནས་བཟུང་ལས་ཁོངས་ཀྱི་ཁྲིམས་འཛིན་མི་སྣ་དང་འཛད་སྤྱོད་མཐུན་ཚོགས་ཀྱི་ལས་བྱེད་མི་སྣ་རྩ་འཛུགས་བྱས་ཏེ་ཁྲོམ་ར་དང་ཚོང་ཁང། སློབ་གྲྭ། ཞིང་འབྲོག་ས་ཁུལ་བཅས་སུ་རྒྱ་ཆེའི་འཛད་སྤྱོད་པར་ཞབས་ཞུའི་བྱེད་སྒོ་སྤེལ། །