ཞི་ཅིན་ཕིང་གིས་གློག་འཕྲིན་བཏང་ནས་ཝུའུ་ཐིང་ཅུའེ་འབར་མའི་སྲིད་འཛིན་དུ་བདམས་པར་རྟེན་འབྲེལ་ཞུས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-17


           སྤྱི་ཟླ་3པའི་ཚེས་15ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གློག་འཕྲིན་བཏང་ནས་ཝུའུ་ཐིང་ཅུའེ་འབར་མ་མཉམ་འབྲེལ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དུ་བདམས་པར་རྟེན་འབྲེལ་ཞུས། 

           ཞི་ཅིན་ཕིང་གིས་གློག་འཕྲིན་ནང་སྲིད་འཛིན་ཝུའུ་ཐིང་ཅུའེ་ཡི་དབུ་ཁྲིད་འོག་འབར་མ་མི་དམངས་ཀྱིས་རྒྱལ་ཁབ་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་ལམ་བུའི་ཁྲོད་སྔར་ལས་ལྷག་པའི་གྲུབ་འབྲས་ཆེན་པོ་ལེན་ངེས་ཞེས་བསྟན། 

           ཞི་ཅིན་ཕིང་གིས་ཀྲུང་གོས་འབར་མ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་འཐབ་ཇུས་མཉམ་ལས་ཀྱི་མཛའ་འབྲེལ་རྒྱུན་མཐུད་བརྟན་བརླིང་སྒོས་འཕེལ་རྒྱས་ཡོང་བར་སྐུལ་འདེད་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཆེད་འབད་བརྩོན་བྱེད་རྒྱུ་ཡིན་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1