ནི་ཇེ་རི་ཡའི་ཨི་སི་ལིམ་ཆོས་ཁང་ཞིག་ཏུ་གས་གཏོར་དོན་རྐྱེན་བྱུང་སྟེ་མི་22རྐྱེན་ལམ་དུ་ཤོར།
ཚེ་དབང་དཔལ་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དབང་དཔལ་མོ།ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 03-18
ཧྥ་རན་སིའི་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ནི་ཇེ་རི་ཡའི་མྱུར་སྐྱོབ་དཔོན་པོས་ནི་ཇེ་རི་ཡའི་བྱང་ཤར་རྒྱུད་ཀྱི་མའེ་ཏུའུ་ཀུའུ་ལི་གྲོང་ཁྱེར་གྱི་ཨི་སི་ལིམ་ཆོས་ཁང་ཞིག་ཏུ་ཞོགས་པའི་གསོལ་འདེབས་ཀྱི་དུས་སུ་བུད་མེད་གཉིས་ཀྱིས་རང་སྲོག་གཅོད་པའི་རྣམ་པས་གས་གཏོར་དོན་རྐྱེན་བསླངས་ཏེ་མི་22རྐྱེན་ལམ་དུ་ཤོར་བ་དང་མི་35ལ་རྨས་ཕོག །