དགའ་ལྡན་ལྔ་མཆོད་ཅེས་པ་ནི་རྗེ་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་དུས་མཆོད་ལ་ཟེར་བ་ཡིན། དེའང་སྤྱི་ལོ་1419་ལོ་སྟེ་ས་ཕག་ལོའི་བོད་ཟླ་བཅུ་པའི་ཚེས་25ཉིན་ཙོང་ཁ་པ་ཆེན་པོ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ནས། དེ་ཉིན་བོད་མི་དད་ལྡན་ཚོས་རང་ཉིད་ཀྱི་འཁོས་འབྱོར་ལ་གཞིགས་ནས་དགོན་སྡེ་ཁག་ལ་མཆོད་སྤྲིན་འབུལ་བ་དང་། བསང་བདུག་སྤྲིན་ལྟར་འཁྲིགས་པ་གཏོང་བ་དང་། མཚན་མོ་མར་དང་། སྣུམ། དཀར་ཞུན་བཅས་ཀྱིས་དགོན་པ་དང་། ཁང་པའི་ཡང་ཐོག་སོགས་ལ་མར་མེ་དཀར་ཕྲེང་ཚོགས་ལྟར་ཕུལ་ནས། རྗེ་ཙོང་ཁ་པ་ཆེན་པོར་སྙིང་དབུས་ནས་དད་གུས་ཀྱིས་རྗེས་དྲན་ཞུ་བཞིན་ཡོད། དེ་བཞིན་ལྔ་མཆོད་ཀྱིདགོང་མོ་རྗེ་བདག་ཉིད་ཆེན་པོར་དད་པའི་བསམ་པ་མཚོན་ཆེད་མྱང་ཐུག་ཅེས་པའི་ཐུག་པ་བག་ཐུག་ངེས་པར་དུ་འཐུང་དགོས་པ་རེད། ད་དུང་བོད་མིས་དགའ་ལྡན་ལྔ་མཆོད་ནས་བཟུང་དགུན་འགོ་མ་ཚུགས་བར་བརྩི་སྲོལ་ཡོད། སྔ་དུས་སུ་དཔོན་རིགས་ཚོས་ཀྱང་དུས་དེ་ནས་བཟུང་དགུན་ཆས་གྱོན་སྲོལ་ཡོད། །