སྒྲོལ་མ་ཚེ་རིང་ལ་ཀྲུང་གོའི་ཆེས་མཛེས་པའི་སྨན་པའི་མཚན་སྙན་ཐོབ།

འཇིགས་མེད་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བ། སྤེལ་དུས། 03-21


 
    སྤྱི་ཟླ་3པའི་ཚེས་13ཉིན། ཀྲུང་དབྱང་བརྙན་འཕྲིན་ཁང་གིས་གཙོ་སྒྲུབ་བྱས་པའི་2015ལོའི་ཆེས་མཛེས་པའི་སྨན་པ་འཚོལ་བ་ཞེས་པའི་གཞི་རྒྱ་ཆེ་བའི་སྤྱི་ཕན་བྱེད་སྒོའི་སྟེང་ལོ་འདིའི་ཆེས་མཛེས་པའི་སྨན་པའི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་སི་ཁྲོན་གྱི་བོད་རིགས་སྨན་པ་སྒྲོལ་མ་ཚེ་རིང་2015ལོའི་ཆེས་ལེགས་པའི་སྨན་པར་བདམས་ཐོན་བྱུང་།
    2015ལོའི་ཆེས་མཛེས་པའི་སྨན་པ་འཚོལ་བ་ཞེས་པའི་གཟེངས་བསྟོད་མཛད་སྒོའི་སྟེང་སྨན་པ་དག་གི་སེམས་འགུལ་ཐེབས་པའི་གཏམ་རྒྱུད་དང་བླ་ན་མེད་པའི་བསམ་བློ་མངོན་པ་བརྒྱུད་སྤྱི་ཚོགས་རིང་ལུགས་ཀྱི་སྲོང་ཤིང་རིན་ཐང་ལྟ་བ་དར་སྤེལ་དང་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་ཀྱི་རང་རྒྱལ་གྱི་སྨན་བཅོས་འཕྲོད་བསྟེན་ལས་དོན་གྱི་འཕེལ་རྒྱས་མཚོན་པར་བྱས་པར་མ་ཟད། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་བཀོད་དང་འབྲེལ་བའི་འཕེལ་རྒྱས་མཉམ་སྤྱོད་དང་གནད་སྨིན་དབུལ་སྐྱོར་གྱི་འདུ་ཤེས་ལ་འབོད་སྐུལ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསུས་ཏེ་བདེ་ཐང་གི་ཀྲུང་གོ་བསྐྲུན་ནས་དམངས་ཡོངས་ཀྱིས་མ་མཐའི་སྨན་བཅོས་ཞབས་ཞུ་མཉམ་སྤྱོད་བྱེད་པའི་བརྗོད་དོན་འབུར་དུ་ཐོན་པའི་སྒོ་ནས་མཚོན་པར་བྱས།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1