གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དང་འགལ་བའི་བྱ་སྤྱོད་ལ་སྐར་གྲངས་འཕྲི་བའི་གཏན་འབེབས་གསར་པ་།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22
གྲིམ་འགྲུལ་དོན་རྐྱེན་ནི་མིག་སྔར་འཛམ་གླིང་གི་གནོད་འཚེ་ཨང་དང་པོ་རུ་གྱུར་ཡོད་ལ། དེའི་ནང་རང་རྒྱལ་ནི་འཛམ་གླིང་གི་འགྲིམ་འགྲུལ་དོན་རྐྱེན་ཁྲོད་མི་ཤི་བའི་གྲངས་ཀ་ཆེས་མང་བའི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན། ད་ལོའི་ཟླ་དང་པོའི་ཚེས་གཅིག་ནས་བཟུང་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དང་འགལ་བའི་བྱ་སྤྱོད་ལ་གསར་དུ་བཟོས་པའི་འགྲིམ་འགྲུམ་སྒྲིག་སྲོལ་ལག་བསྟར་བྱས་ནས། རྗེས་སུ་འགྲིམ་འགྲུལ་དོན་རྐྱེན་མི་འབྱུང་བའམ་ཉུང་དུ་འགྲོ་བའི་ཐད་ལ་སྒྲིག་སྲོལ་རབ་དང་རིམ་པ་་གཏན་ཁེལ་བྱས།
ཐེངས་གཅིག་ལ་སྐར་12འཕྲི་རྒྱུའི་བྱ་སྤྱོད།
ཁ་ལོ་བའི་འཛིན་བྱང་སྟེང་གི་མཆོག་མཆན་དང་རང་གིས་བསྐོར་བཞིན་པའི་རླངས་འཁོར་གཉིས་མ་མཚུངས་ན་ཐེངས་གཅིག་ལ་སྐར་12འཕྲི་རྒྱུ།
ཆང་འཐུང་རྗེས་རླངས་འཁོར་བསྐོར་ན་ཐེངས་གཅིག་ལ་སྐར་12འཕྲི་རྒྱུ།
འགྲུལ་སྐྱེལ་རླངས་འཁོར་དང་སློབ་མ་སྐྱེལ་མཁན་རླངས་འཁོར་ནང་། གཏན་ཁེལ་གྱི་མི་གྲངས་ལས་བརྒྱ་ཆ་20བརྒལ་ན་ཐེངས་གཅིག་ལ་སྐར་12འཕྲི་རྒྱུ།
འགྲིམ་འགྲུལ་དོན་རྐྱེན་བཟོས་ཏེ་བྲོས་བྱོལ་བྱས་ན་ཐེངས་གཅིག་ལ་སྐར་12འཕྲི་རྒྱུ།
རླངས་འཁོར་ལ་ཁ་བྱང་བཀལ་མེད་པ་དང་བསམ་བཞིན་དུ་ཁ་བྱང་འགེབ་པ། ཡང་ན་འདམ་འབག་སོགས་ཀྱིས་ཁ་བྱང་བསྒྲིབས་ན་ཐེངས་གཅིག་ལ་སྐར་12འཕྲི་རྒྱུ།
རླངས་འཁོར་ཁ་བྱང་དང་ཁ་ལོ་བའི་ཐོབ་ཐང་ལག་ཁྱེར་རླངས་འཁོར་དཔང་ཡིག་རྫུན་བཟོ་བྱས་ན་ ཐེངས་གཅིག་ལ་སྐར་12འཕྲི་རྒྱུ།
མྱུར་བགྲོད་གཞུང་ལམ་སྟེང་དུ་རླངས་འཁོར་ཕྱིར་སྣུར་བྱེད་པ་དང་། ལྡོག་བགྲོད་བྱེད་པ། མྱུར་བགྲོད་གཞུང་ལམ་དཀྱིལ་གྱི་འཕྲལ་གཅོད་ལམ་ཐིག་དང་བརྒལ་ནས་རླངས་འཁོར་ཁ་ཕྱིར་བསྐོར་ན་ཐེངས་གཅིག་ལ་སྐར་12འཕྲི་རྒྱུ།
འགྲུལ་སྐྱེལ་རླངས་འཁོར་བསྐོར་ཏེ་མྱུར་བགྲོད་གཞུང་ལམ་གྱི་ནང་དུ་འདུག་ན་ཐེངས་གཅིག་ལ་སྐར་12འཕྲི་རྒྱུ།
དངོས་འདྲེན་རླངས་འཁོར་དང་། སློབ་སྐྱེལ་རླངས་འཁོར། ཉེན་ཁ་ཡོད་པའི་དངོས་འདྲེན་རླངས་འཁོར་སོགས་བསྐོར་ནས་གྲོང་ཁྱེར་ནང་གི་མྱུར་བགྲོད་གཞུང་ལམ་སྟེང་བགྲོད་སྐབས་གཏན་ཁེལ་བྱས་པའི་མགྱོགས་ཚད་བརྒྱ་ཆ་50ཡན་བརྒལ་ན་ཐེངས་གཅིག་ལ་སྐར་12འཕྲི་རྒྱུ།
འགྲུལ་སྐྱེལ་རླངས་འཁོར་དང་ཉེན་ཁ་ཡོད་པའི་དངོས་འདྲེན་རླངས་འཁོར་བསྐོར་ནས་བསྟུད་མར་ཆུ་ཚོད་4ལ་ངལ་མ་གསོས་པ་དང་། ངལ་གསོ་སྐར་20ལས་ཉུང་ན་ཐེངས་གཅིག་ལ་སྐར་12འཕྲི་རྒྱུ།
སློབ་མ་སྐྱེལ་ཆོག་པའི་ཐོབ་ཐང་དཔང་ཡིག་མེད་བཞིན་དུ་སློབ་མ་སྐྱེལ་འདྲེན་བྱས་ན་ཐེངས་གཅིག་ལ་སྐར་12འཕྲི་རྒྱུ།
ཐེངས་གཅིག་ལ་སྐར་3 འཕྲི་རྒྱུའི་བྱ་སྤྱོད།
འགྲུལ་སྐྱེལ་རླངས་འཁོར་དང་སློབ་སྐྱེལ་རླངས་འཁོར་ནང་གཏན་ཁེལ་བྱས་པའི་མི་གྲངས་བརྒལ་ཡང་བརྒྱ་ཆ20སླེབས་མེད་མཁན་ལ་ཐེངས་གཅིག་ལ་སྐར་3 འཕྲི་རྒྱུ།
འགྲུལ་སྐྱེལ་རླངས་འཁོར་དང་། དངོས་འདྲེན་རླངས་འཁོར། ཉེན་ཁ་ཡོད་པའི་དངོས་འདྲེན་རླངས་འཁོར་སོགས་བསྐོར་ནས་མྱུར་བགྲོད་གཞུང་ལམ་དང་གྲོང་ཁྱེར་ནང་གི་གཞུང་ལམ་སྟེང་བགྲོད་སྐབས་གཏན་ཁེལ་བྱས་པའི་མགྱོགས་ཚད་ལས་བརྒྱ་ཆ་20ཡན་བརྒལ་མེད་མཁན་ལ་ཐེངས་གཅིག་ལ་སྐར་3 འཕྲི་རྒྱུ།
དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་གྱི་ཐེག་ཚད་གཏན་འཁེལ་བྱས་ཡོད་པ་ལས་བརྒྱ་ཆ་30ཡན་བརྒལ་མེད་མཁན་ལ་ཐེངས་གཅིག་ལ་སྐར་3 འཕྲི་རྒྱུ།
མྱུར་བགྲོད་གཞུང་ལམ་སྟེང་མགྱོགས་ཚད་གཏན་ཁེལ་བྱས་པའི་ཆེས་དམའ་བའི་འགྲོས་ཚད་ལས་དལ་བ་ལ་ཐེངས་གཅིག་ལ་སྐར་3 འཕྲི་རྒྱུ།
མྱུར་བགྲོད་གཞུང་ལམ་སྟེང་བགྲོད་མི་ཆོག་པར་གཏན་ཁེལ་བྱས་པའི་རླངས་འཁོར་མྱུར་བགྲོད་གཞུང་ལམ་སྟེང་བགྲོད་ན་ཐེངས་གཅིག་ལ་སྐར་3 འཕྲི་རྒྱུ།
མྱུར་བགྲོད་གཞུང་ལམ་དང་གྲོང་ཁྱེར་གྱི་མྱུར་བགྲོད་གཞུང་ལམ་སྟེང་གཏན་ཁེལ་བྱས་པའི་ལམ་དུ་མི་བགྲོད་མཁན་ལ་ཐེངས་གཅིག་ལ་སྐར་3 འཕྲི་རྒྱུ།
ལམ་དུ་བགྲོད་སྐབས་གཏན་ཁེལ་ལྟར་རླངས་འཁོར་མི་འདུག་པ་དང་། ཇེ་དལ་དུ་མི་གཏོང་བ། ལམ་འགྲོ་བར་ལམ་མི་ཕྱེ་ན་ཐེངས་གཅིག་ལ་སྐར་3 འཕྲི་རྒྱུ།
བཀག་རྒྱ་བརྡ་རྟགས་དང་བཀག་སྡོམ་ལམ་ཐིག་ནང་རླངས་འཁོར་བགྲོད་པའམ་འདུག་ན་ཐེངས་གཅིག་ལ་སྐར་3 འཕྲི་རྒྱུ།
གཏན་ཁེལ་ལྟར་སྔོན་དུ་སྐྱོད་བཞིན་པའི་རླངས་འཁོར་དང་མི་བརྒལ་བ། ལམ་མི་ཕྱེ་བ། ཡང་ན་ལྡོག་ནས་བགྲོད་ན་ཐེངས་གཅིག་ལ་སྐར་3 འཕྲི་རྒྱུ།
གཏན་ཁེལ་དང་འགལ་ནས་འདྲུད་འཐེན་འཁོར་ལོའི་རྗེས་ལ་འདྲུད་སྒམ་ལས་སྣོན་བྱས་ནས་བསྐོར་མཁན་ལ་ཐེངས་གཅིག་ལ་སྐར་3 འཕྲི་རྒྱུ།
གཞུང་ལམ་སྟེང་རླངས་འཁོར་ལ་ཆག་སྐྱོན་བྱུང་ངའམ་ཡང་ན་ཆག་སྒོ་བྱུང་ནས་རླངས་འཁོར་བསྡད་ཡོད་སྐབས་གཏན་ཁེལ་ལྟར་རླངས་འཁོར་གྱི་གློག་སྒྲོན་བཀོལ་སྤྱོད་མི་བྱེད་པ་དང་ཉེན་ཁའི་བརྡ་རྟགས་མ་བཙུགས་ན་ཐེངས་གཅིག་ལ་སྐར་3 འཕྲི་རྒྱུ།
རླངས་འཁོར་ལ་གཏན་ཁེལ་གྱི་དུས་ལྟར་ཉམས་གསོ་མི་བྱེད་པ་དང་། བདེ་འཇགས་ཞིབ་བཤེར་མི་བྱེད་མཁན་ལ་ཐེངས་གཅིག་ལ་སྐར་3 འཕྲི་རྒྱུ།
ཐེངས་གཅིག་ལ་སྐར་1 འཕྲི་རྒྱུའི་བྱ་སྤྱོད།
གཏན་ཁེལ་ལྟར་རླངས་འཁོར་གྱི་གློག་སྒྲོན་བཀོལ་སྤྱོད་མི་བྱེད་མཁན་ལ་ ཐེངས་གཅིག་ལ་སྐར 1 འཕྲི་རྒྱུ།
རླངས་འཁོར་གཏན་ཁེལ་ལྟར་བསྣོལ་འགྲོ་བྱེད་མཁན་ལ་ཐེངས་གཅིག་ལ་སྐར 1 འཕྲི་རྒྱུ།
དངོས་ཟོག་སྐྱེལ་འདྲེན་རླངས་འཁོར་གྱི་རིང་ཚད་དང་ཞེང་ཚད་། མཐོ་ཚད་བཅས་གཏན་ཁེལ་ལས་བརྒལ་མཁན་ལ་ཐེངས་གཅིག་ལ་སྐར 1 འཕྲི་རྒྱུ།
གཞུང་ལམ་སྟེང་བགྲོད་པའི་རླངས་འཁོར་ལ་ཞིབ་བཤེར་ཚད་ལྡན་གྱི་རྟགས་དང་ཉེན་ཁའི་འགན་སྲུང་གི་རྟགས་བཅས་མེད་པ་དང་། ཁ་ལོ་བས་རང་གི་འཛིན་བྱང་བཟུང་མེད་པ་དང་རླངས་འཁོར་འཁོར་སྤྱོད་དཔང་ཡིག་བཟུང་མེད་པའི་ཁ་ལོ་བ་ལ་ཐེངས་གཅིག་ལ་སྐར 1 འཕྲི་རྒྱུ།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1