ཅི་ཞིག་ལ་རང་སྐྱོན་ངོས་ལེན་ཟེར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22


རང་སྐྱོན་ངོས་ལེན་ཞེས་པ་ནི། ནག་ཉེས་བཟོས་རྗེས་རང་འགུལ་གྱིས་རང་ཉེས་ངོས་ལེན་ཞུ་བ་བྱས་ཏེ་རང་ཉིད་ཀྱི་ནག་ཉེས་ངོས་ལེན་བྱེད་པའི་བྱ་སྤྱོད་ལ་ཟེར། དེའི་ནང་རང་འགུལ་གྱིས་རང་སྐྱོན་ངོས་ལེན་ཞེས་པ་ནི་ནག་ཉེས་དོན་དངོས་དང་ཡང་ན་དོགས་ཡོད་ཉེས་ཅན་དེ་ཁྲིམས་འཛིན་ལས་ཁུངས་ཀྱིས་མ་ཚོར་པའི་ཡར་སྔོན་ནམ། ཡང་ན་ཚོར་ཡོད་ཀྱང་དོགས་ཡོད་ཉེས་ཅན་ལ་འདྲི་གཅོད་མ་བྱས་ལ་བཙན་ཤུགས་ཀྱི་བྱེད་ཐབས་ཀྱང་མ་སྤྱད་པའི་སྐབས་སུ་རང་འགུལ་གྱིས་ཐད་ཀར་དུ་སྤྱི་བདེ་སྡེ་ཁག་དང་ཞིབ་དཔྱོད་སྡེ་ཁག།ཡང་ན་མི་དམངས་ཁྲིམས་ཁང་ལ་རང་ཉེས་ངོས་ལེན་ཞུ་བ་བྱས་པའི་བྱ་སྤྱོད་ཀྱི་རིགས། དོགས་ཡོད་ཉེས་ཅན་གྱི་རང་འགུལ་གྱིས་རང་སྐྱོན་ངོས་ལེན་བྱས་པ་མིན་ཡང་། གཉེན་ཉེ་གྲོགས་པོ་སོགས་ཀྱིས་ཁ་ཏ་བྱས་རྗེས་རང་ཉེས་ངོས་ལེན་བྱས་པ་དང་། སྤྱི་བདེ་སྡེ་ཁག་གིས་དོགས་ཡོད་ཉེས་ཅན་གྱི་གཉེན་ཉེ་ལ་བརྡ་སྦྱོར་བཏང་བའམ་ཡང་ན་གཉེན་ཉེ་གྲོགས་པོ་ཚོས་རང་འགུལ་གྱིས་རང་སྐྱོན་ངོས་ལེན་བྱས་རྗེས་དོགས་ཡོད་ཉེས་ཅན་ཁྲིད་ནས་རང་སྐྱོན་ངོས་ལེན་བྱེད་དུ་ཡོང་པའི་རིགས་ཀྱང་རང་སྐྱོན་ངོས་ལེན་བྱས་པར་ངོས་འཛིན་བྱ་དགོས། ། 

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1