འཇར་པན་གྱི་གནས་གཤིས་ཐིང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ས་གནས་དེ་གའི་དུས་ཚོད་དེ་ཟླ་བ་4པའི་ཚེས་1ཉིན་གྱི་ཆུ་ཚོད་11པའི་སྐར་མ་39སྟེང་། འཇར་པན་ནུབ་ཕྱོགས་དབུས་རྒྱུད་ཀྱི་རྒྱ་མཚོའི་འགྲམ་དུ་ཚད་རིམ་6.1ཅན་གྱི་ས་འགུལ་བྱུང་བ་དང་། མིག་སྔར་མི་ལ་རྨས་སྐྱོན་ཕོག་པ་དང་མཚོ་རླབས་འཕྱུར་པའི་གནས་ཚུལ་ཅི་ཡང་མི་འདུག།