ཞི་ཅིན་ཕིང་གིས་ཨ་རི་སྲིད་འཛིན་ཨོ་པ་མ་དང་མཇའ་འཕྲད་གནང་།
ས་ཆ་དེ་གའི་དུས་ཚོད་དེ་ཟླ་3པའི་ཚེས་31ཉིན། རྒྱབ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཝ་ཧྲེང་ཐོན་གྱི་གྲོས་ཚོགས་ལྟེ་གནས་སུ་ཨ་རི་སྲིད་འཛིན་ཨོ་པ་མཱ་དང་མཇའ་འཕྲད་གནང་། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ཨ་རི་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་དང་ཐུན་མོང་གི་ཐུགས་ཁུར་བྱེད་བཞིན་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་ལ་དགོངས་འཆར་བརྗེ་རེས་མཛད།།