ཨོ་སི་ཐྲ་ལི་ཡའི་གདོད་མའི་རིག་གནས་ཏེ་གསོལ་མཆོད་ཞབས་བྲོའི་འཁྲབ་སྟོན།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-05


                སིད་ཉིའི་དུས་ཚོད་དེ་ཟླ་3པའི་ཚེས་31ཉིན་གྱི་འཕྲིན་གསར་ལྟར་ན། ཨོ་སི་ཐྲ་ལི་ཡའི་ས་གནས་སོ་སོའི་གདོད་མའི་ཡུལ་སྡོད་མི་དམངས་ཀྱིས་ལོ་རེར་འགུལ་སྤོར་རྣམ་པའི་སྒོས་གསོལ་མཆོད་ཞབས་བྲོའི་འཁྲབ་སྟོན་བྱེད་སྒོ་སྤེལ་ཏེ་མི་རྣམས་ལ་ལོ་རྒྱུས་རྒྱུན་རིང་པའི་གསོལ་མཆོད་ཆོ་ག་རྒྱུས་ལོན་དང་གནས་དེ་གའི་གདོད་མའི་རིག་གནས་ཀྱི་མཛེས་ཉམས་མངོན་ཡོད། གསོལ་མཆོད་ཆོ་ག་དེ་ད་ལྟའི་བར་དུ་རྒྱུན་འཛིན་བྱས་འདུག

                ཉེ་ཆར། སིད་ཉི་གྲོང་ཁྱེར་ཤར་ནུབ་ཕྱོགས་ཀྱི་ལ་ཕེ་རུ་སུ་ཁུལ་གྱི་རྒྱལ་ཁབ་སྤྱི་གླིང་དུ་གསོལ་མཆོད་ཞབས་བྲོ་འཁྲབ་སྟོན་བྱེད་བཞིན་འདུག Uncle Maxཞེས་པའི་ཡུལ་གནས་དེ་གར་མིང་གྲགས་ཆེ་བའི་བགྲེས་པོ་འཁྲབ་སྟོན་པ་དང་ན་གཞོན་འཁྲབ་སྟོན་པ་Jahmarleyགཉིས། 

                 ཨོ་སི་ཐྲ་ལི་ཡའི་གདོད་མའི་གསོལ་མཆོད་ཞབས་བྲོ་ལས་མི་དང་རང་བྱུང་ཁམས་བར་ཀྱི་བླ་ན་མེད་པའི་མཛའ་མཐུན་གྱི་འབྲེལ་བ་མཚོན་བཞིན་ཡོད་དེ། དེ་ནི་ཆ་ཚང་ཞིང་རིན་ཐང་གཞལ་མཐའ་བྲལ་བའི་རིག་གནས་ཆོ་ག་ཞིག་གོ


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1