ཀྲུང་གོའི་རྩོམ་པ་པོར་ཐེངས་དང་པོར་རྒྱལ་སྤྱིའི་ཨན་ཐུའུ་ཧྲེང་གཟེངས་རྟགས་ཐོབ་པ།

ཚེ་དབང་དཔལ་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དབང་དཔལ་མོ།ཡོང་ཁུངས།ཞིན་ཧྭ་དྲ་བ། སྤེལ་དུས། 04-07


    སྤྱི་ཟླ་4པའི་ཚེས་4ཉིན། ཀྲུང་གོའི་བྱིས་སྒྲིང་རྩོམ་པ་པོ་ཚའོ་ཝུན་ཞོན་ཡིས་ཨི་ཐ་ལིའི་པོ་ལུའོ་ཉི་ཡ་རྒྱལ་སྤྱིའི་བྱིས་པའི་ཀློག་དེབ་འགྲེམ་སྟོན་བྱེད་པའི་སྟེང་། 2016ལོའི་རྒྱལ་སྤྱིའི་ཨན་ཐུའུ་ཧྲེང་གཟེངས་རྟགས་ཐོབ། རྒྱལ་སྤྱིའི་ཨན་ཐུའུ་ཧྲེང་གཟེངས་རྟགས་ནི་རྒྱལ་སྤྱིའི་བྱིས་པའི་ཀློག་དེབ་མནའ་འབྲེལ་གྱིས་སྤྱི་ལོ་1956ལོར་འཛུགས་ཤིང་། ལོ་གཉིས་ཀྱི་རིང་ལ་ཐེངས་གཅིག་ལ་འདེམ་བཞིན་ཡོད། གཟེངས་རྟགས་འདི་ལ་བྱིས་པའི་རྩོམ་རིག་གི་ནོ་པེར་རྩོམ་རིག་གཟེངས་རྟགས་ཞེས་མཚན་སྙན་གསོལ་ཡོད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1