སྡེ་ཚན་དང་པོ། མི་རིགས་ས་ཁོངས་རང་སྐྱོང་གི་རྨང་གཞི་ཤེས་བྱའི་སྐོར།(2)

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22


དྲི་བ། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལ་དགེ་མཚན་གང་དག་ལྡན། 
<<ཀྲུག་ཨིན་ལེ་ཡིསརང་རྒྱལ་གྱི་མི་རིགས་སྲིད་ཇུས་ཀྱི་གནད་དོན་འགའི་སྐོར>>ལས། མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱེད་པ་ནི་ང་ཚོའི་བཅིང་འགྲོལ་བྱས་རྗེས་སུ་མི་རིགས་གནད་དོན་གྱི་སྟེང་གི་གཞི་རྩའི་རང་བཞིན་གྱི་སྲིད་ཇུས་ཞིག་ཡིན། འདི་ནི་རྩ་ཁྲིམས་ཀྱི་སྟེང་དུ་གཏན་འབེབས་བྱས་པ་ཞིག་ཡིན་ཞེས་གསུངས་པ་གནང་བཞིན། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་རྒྱུན་འཁྱོངས་བྱེད་པར་གཤམ་གྱི་ཕྱོགས་འགའི་དགེ་མཚན་ལྡན་ཏེ། 
གཅིག མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱས་ཚེ། རྒྱལ་ཁབ་གཅིག་བསྡུས་དང་གཅིག་གྱུར། དེ་མིན་མི་རིགས་རང་བདག་དང་འདྲ་མཉམ་ཕྱོགས་གཅིག་ཏུ་སྦྲེལ་བར་དགེ་མཚན་ལྡན།
གཉིས།  མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱས་ཚེ། ཏང་དང་རྒྱལ་ཁབ་ཀྱི་སྤྱིའི་ལམ་ཕྱོགས་དང་སྲིད་ཇུས་དེ་གྲངས་ཉུང་མི་རིགས་ས་ཁུལ་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་ཟུང་དུ་སྦྲེལ་ཐུབ་པའི་དགེ་མཚན་ལྡན། 
གསུམ། མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱས་ཚེ། རྒྱལ་ཁབ་ཀྱི་སྟོབས་འབྱོར་དང་མི་རིགས་ཀྱི་དར་རྒྱས་གཉིས་ཟུང་དུ་སྦྲེལ་ཐུབ་པའི་དགེ་མཚན་ལྡན། 
བཞི། མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བྱས་ཚེ། རིགས་སོ་སོའི་མི་དམངས་མེས་རྒྱལ་གཅིག་གྱུར་ལ་དགའ་ཞེན་ཆེ་བའི་བརྩེ་དུང་དང་རང་མི་རིགས་ལ་དགའ་ཞེན་ཆེ་བའི་བརྩེ་དུང་གཉིས་ཟུང་དུ་སྦྲེལ་ཐུབ་པའི་དགེ་མཚན་ལྡན་པ་བཅས་སོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1