སྡེ་ཚན་དང་པོ། མི་རིགས་ས་ཁོངས་རང་སྐྱོང་གི་རྨང་གཞི་ཤེས་བྱའི་སྐོར།(1)

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22


དྲི་བ། ཅི་ཞིག་ལ་མི་རིགས་ས་ཁོངས་རང་སྐྱོང་ཟེར།
མི་རིགས་ས་ཁོངས་རང་སྐྱོང་ཞེས་པ་ནི་རང་རྒྱལ་གྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ལས། རྒྱལ་ཁབ་ཀྱི་གཅིག་གྱུར་འགོ་ཁྲིད་འོག གྲངས་ཉུང་མི་རིགས་ཁག་འདུས་སྡོད་བྱེད་སར་ས་ཁོངས་རང་སྐྱོང་དངོས་སུ་བྱས་ནས་རང་སྐྱོང་ལས་ཁུངས་བཙུགས་ཏེ་རང་སྐྱོང་བྱེད་དབང་ལོངས་སུ་སྤྱོད་པ་ཞིག་ལ་བྱ་སྟེ། དེ་ལ་གཤམ་གསལ་གྱི་ནང་དོན་དག་འདུ་སྟེ། 
གཅིག  ངེས་པར་དུ་ཀྲུང་དབྱང་གི་གཅིག་གྱུར་འགོ་ཁྲིད་འོག་ས་ཁོངས་རང་སྐྱོང་བྱེད་པ། 
གཉིས། མི་རིགས་རང་སྐྱོང་ལས་ཁུངས་ནི་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་གཅིག་གྱུར་འགོ་ཁྲིད་འོག་གི་ས་གནས་སྲིད་དབང་ཡིན་པས། སྤྱིར་བཏང་གི་ས་གནས་རྒྱལ་ཁབ་ལས་ཁུངས་ཀྱི་འགན་ནུས་ལྡན་ལ། མི་རིགས་རང་སྐྱོང་ལས་ཁུངས་ཀྱི་འགན་ནུས་ཀྱང་ལྡན་པ་རེད། 
གསུམ།  གྲངས་ཉུང་མི་རིགས་འདུས་སྡོད་བྱས་པའི་ས་ཆར་རང་སྐྱོང་བྱེད་པ་ལས། ཐར་ཐོར་དུ་སྡོད་པའི་མི་རིགས་གཅིག་པའི་མི་རྣམས་ས་ཆ་གཅིག་ཏུ་བསྡུས་ཏེ་རང་སྐྱོང་བྱ་མི་རུང་བ། 
བཞི། འདུས་སྡོད་བྱས་པའི་གྲངས་ཉུང་མི་རིགས་དེ་ཡི་མི་དམངས་ཀྱིས་ས་གནས་རང་སྐྱོང་བྱེད་པ་དང་རང་སྐྱོང་ལས་ཁུངས་འཛུགས་པ། མི་རིགས་རང་ཉིད་ཀྱི་ལས་དོན་ལ་དོ་དམ་བྱེད་པ་བཅས་སོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1