༄༅།།སྒོ་ཁར་ཨ་ཙ་ར་གླང་ཁྲིད་དང་སོག་པོ་སྟག་ཁྲིད་ཀྱི་རི་མོ་འབྲི་བའི་གོམ་སྲོལ།

མི་གསལ། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།བོད་ལྗོངས་འཕྲིན་དྲ། སྤེལ་དུས། 04-11


    བོད་ཀྱི་དགོན་སྡེ་དང་ལྷ་ཁང་སོགས་ཀྱི་སྒོའི་ནང་ལྡེབས་སུ་ཨ་ཙ་ར་གླང་ཁྲིད་དང་སོག་པོ་སྟག་ཁྲིད་གཉིས་འབྲི་སྲོལ་ཡོད།  དེ་གཉིས་ཀྱི་མཚོན་དོན་ནི།

ཨ་ཙ་ར་གླང་ཁྲིད།

    ཨ་ཙ་ར་གླང་ཁྲིད་ཀྱི་ཨ་ཙ་ར་ནི་དཔལ་མགོན་བྲམ་གཟུགས་དང་།  གླང་ཆེན་ནི་ཚོགས་བདག་གླང་སྣའི་མཚོན་བྱེད་ཡིན།  གླང་པོས་ནོར་གཞོང་ངམ་ནོར་བུ་མེ་འབར་བ་བཏེགས་པ་བཅས་སྒོའི་ནང་ལྡེབས་སུ་ཁ་ནང་ལ་ཕྱོགས་ཏེ་བྲིས་པས་ལོངས་སྤྱོད་ཕུན་སུམ་ཚོགས་པ་འབྱུང་བའི་རྟེན་འབྲེལ་མཚོན་པ་དང་།  མཆོག་དང་ཐུན་མོང་གི་འདོད་པའི་དངོས་གྲུབ་ཐམས་ཅད་རྩོལ་མེད་དུ་འབྱུང་བའི་རྟེན་འབྲེལ་སྒོ་ཀུན་ནས་མཚོན་པ་ཡིན་པར་བཤད་ཀྱང་བཤད་སྟངས་འདི་དག་མིན་དཔྱད་བྱའི་གནས་སོ།།

སོག་པོ་སྟག་ཁྲིད།

    འདི་ལ་ཁུངས་བློ་གཏད་རུང་བ་ཞིག་མཐོང་ཐོས་སུ་མ་གྱུར་ཀྱང་།  རྒན་རབས་ཀྱི་ངག་རྒྱུན་ཆོས་ཕྱོགས་ཀྱི་བཤད་སྲོལ་ཞིག་ལ།  སོག་པོ་སྟག་ཁྲིད་ནི་རིགས་གསུམ་མགོན་པོའི་མཚོན་བྱེད་དུ་སྨྲ་བ་སྟེ།  སོག་པོས་སྤྱན་རས་གཟིགས་དང་།  སྟག་གིས་འཇམ་དབྱངས།  ལྕགས་ཐག་གིས་ཕྱག་རྡོར་མཚོན་པས།  རི་མོ་འདི་སྒོ་སྐྱོར་རྩིག་ལྡེབས་སུ་བཞེངས་ནས་ཁ་ཕྱི་ཕྱོགས་སུ་གཏད་ན།  གདོན་བགེགས་བར་ཆད་དང་བཀྲ་མི་ཤིས་པའི་ཕྱོགས་ཐམས་ཅད་ཕྱིར་བཟློག་ཅིང་ནང་དུ་བཀྲ་ཤིས་བདེ་ལེགས་འབྱུང་བ་མཚོན་པ་ཡིན་པར་བཤད་ཀྱང་བཤད་སྟངས་འདི་དག་མིན་དཔྱད་བྱའི་གནས་སོ།།

                                         ཡོངས་ཁུངས།  བོད་མིའི་ཡུལ་སྲོལ་གོམས་གཤིས།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1