ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེན་ཧྲེང་གིས་ཚེས་8ཉིན་པེ་ཅིང་དུ་ཕྱིར་སྡོད་སྤུན་ཟླའི་བརྩེ་སེམས —— སི་ཁྲོན་གཡག་རྔ་ལུའུ་ཧྲན་ས་ཡོམ་གནོད་རྗེས་བསྐྱར་སྐྲུན་གྱི་ལྟ་སྐོར་ཞེས་པའི་བྱེད་སྒོ་དུ་ཞུགས་པའི་འཐུས་མི་ཡོངས་དང་མཇལ་འཕྲད་གནང་བ་མ་ཟད་འཐུས་མི་རྣམས་དང་ལྷན་དུ་དྲན་རྟེན་གྱི་འདྲ་པར་བསྐྱོན། ཁོང་གོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་རྒྱ་ཆེའི་ཕྱི་སྡོད་སྤུན་ཟླ་དང་ཞང་ཀང་དང་ཨའོ་མོན་གྱི་སྤུན་ཟླ་རྣམས་ལ་བརྩེ་སེམས་འཁོལ་བའི་འཚམས་འདྲི་དང་སྨོན་འདུན་ཞུས།
ཡུས་ཀྲེན་ཧྲེང་གིས་ཀྲུང་གོའི་འཕེལ་རྒྱས་ཀྱིས་འཛམ་གླིང་ལ་སྔར་ལས་ཆེ་བའི་བྱས་རྗེས་འཇོག་རྒྱུ་ཡིན་ལ། རྒྱ་ཆེའི་ཕྱིར་སྡོད་སྤུན་ཟླ་དང་ཞང་ཀང་དང་ཨའི་མོན་སྤུན་ཟླ་ལ་ཡང་སྔར་ལས་ཐོབ་དཀའ་བའི་གོ་སྐབས་དང་སྔར་ལས་ཆེ་བའི་གར་སྟེགས་འདོན་སྤྲོད་བྱ་ངེས། རྒྱ་ཆེའི་ཕྱི་སྡོད་སྤུན་ཟླ་དང་ཞང་ཀང་དང་ཨའོ་མོན་གྱིས་སྤུན་ཟླས་ཧུར་ཐག་སྒོས་རྒྱལ་ཁབ་གྱི་འཕེལ་རྒྱས་འཐབ་ཇུས་ལ་ཞབས་འདེགས་ཞུ་བ་དང་། གཉིས་ཕན་མཉམ་སྤྱོད་མངོན་འགྱུར་བྱུང་བར་རེ་བ་ཡོད། ཧུར་ཐག་སྒོས་ཁེ་ལས་ཀྱི་སྤྱི་ཚོགས་འགན་ཁུར་སྒྲུབ་པ་དང་དབུལ་སྒྲོལ་འགག་སྒྲོལ་ལ་དམིགས་དགོས། སྤྲོ་སེམས་ཀྱིས་སྤྱི་ཕན་དགེ་སྒྲུབ་གྱི་བྱ་གཞག་ལ་ཞུགས་ནས་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏང་དགོས་ཞེས་བསྟན།