སྡེ་ཚན་དང་པོ། མི་རིགས་ས་ཁོངས་རང་སྐྱོང་གི་རྨང་གཞི་ཤེས་བྱའི་སྐོར།(7)

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22


དྲི་བ། རང་སྐྱོང་ཁུལ་དང་རང་སྐྱོང་རྫོང་གི་དཔལ་འབྱོར་དང་རིག་གནས་འཕེལ་ཚད་ངེས་ཅན་ཞིག་ལ་ཐོན་ཚེ་རང་སྐྱོང་གྲོང་ཁྱེར་དུ་བསྒྱུར་ཆོག་གམ། 
མི་རིགས་རང་སྐྱོང་ས་གནས་ཁ་ཤས་ཀྱི་དཔལ་འབྱོར་དང་རིག་གནས་སོགས་ཕྱོགས་གང་ཅིའི་ཐད་འཕེལ་རྒྱས་ངེས་ཅན་བྱུང་བ་དང་བསྟུན་ཏེ། ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་མཚོན་པའི་སྲིད་འཛིན་གྱི་རྣམ་པ་སྟེ་གྲོང་ཁྱེར་འཛུགས་དགོས་ཚེ། རང་སྐྱོང་གྲོང་ཁྱེར་དུ་བསྒྱུར་ཆོག་མིན་གྱི་ཐད་ལ་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ལས་གཏན་འབེབས་གསལ་བོ་མེད་པ་མ་ཟད། རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ལས་གཏན་འབེབས་བྱས་པའི་རང་སྐྱོང་གི་སྲིད་འཛིན་མངའ་ཁོངས་དབྱེ་ཚུལ་ལ། རང་སྐྱོང་ལྗོངས་དང་རང་སྐྱོང་ཁུལ། རང་སྐྱོང་རྫོང་མ་གཏོགས་རང་སྐྱོང་གྲོང་ཁྱེར་གྱི་སྲིད་འཛིན་རྣམ་པ་འདི་མེད་ཕྱིར། སྤྱིར་བཏང་གི་གྲོང་ཁྱེར་ལས་རང་སྐྱོང་གྲོང་ཁྱེར་དུ་བསྒྱུར་མི་ཆོག་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1