སྤྱི་ཟླ་4 པའི་ཚེས་13ཉིན། སོག་པོ་རྒྱལ་ཁབ་ཁོབ་ཏོ་ཞིང་ཆེན་མོང་ཧུ་ཧེར་ཧང་རྫོང་ནས་ལོ་ངོ་སྟོང་ཕྲག་ཡར་སྔོན་གྱི་བེམ་རོ་སྐམ་པོ་ཆ་ཚང་ཞིག་དང་ལྷན་དུ་རིག་དངོས་རྩ་ཆེན་ཁག་ཅིག་གསར་རྙེད་བྱུང་། པར་རིས་འདི་ནི་བེམ་རོ་སྐམ་པོའི་རྐང་པའི་ཆ་ཤས་རེད།
འདི་ནི་སྤྱི་ཟླ་4པའི་ཚེས་5ཉིན། སོག་པོ་རྒྱལ་ཁབ་ཁོབ་ཏོ་ཞིང་ཆེན་ནས་བརྙན་པར་དུ་བླངས་པའི་བེམ་རོ་སྐམ་པོའི་ལག་པའི་མཛུབ་མོ་རེད། ཟླ་དེའི་ཚེས་མགོར། ས་གནས་དེ་གའི་གནའ་རྫས་རྟོག་ཞིབ་ཆེད་མཁས་པས་བང་སོ་ལ་མྱུར་སྐྱོབ་རང་བཞིན་གྱི་སྔོག་འདོན་བྱས། མིག་སྔར། བེམ་རོ་སྐམ་པོ་དང་རིག་དངོས་གཞན་དག་མཉམ་གཅིག་ཏུ་ཁོབ་ཏོ་ཞིང་ཆེན་དངོས་མང་བཤམས་སྟོན་ཁང་དུ་ཉར་ཚགས་བྱས་ཡོད།
གཏེར་ཐོན་རིག་དངོས། བེམ་རོ་སྐམ་པོའི་ལུས་སྟེང་གི་གྱོན་ཆས།
དབྱིན་ཇིའི་《ཉིན་རེའི་སྦྲགས་ཏར་ཚགས་པར།》ལས་བསྒྲགས་པའི་འཕྲིན་ལྟར་ན། གནའ་རྫས་རྟོག་ཞིབ་ཆེད་རམས་པས་བེམ་རོ་སྐམ་གྱུར་དེ་ཕལ་ཆེར་སྤྱི་ལོ་དུས་རབས་དྲུག་པའི་དུས་ཀྱི་དྲུ་གུའི་བུད་མེད་ཅིག་ཡིན་པའི་ཚོད་དཔག་བྱས་ཡོད། སྔོན་འདོན་གྱི་བརྒྱུད་རིམ་ཁྲོད་བེམ་རོ་སྐམ་པོ་དང་ལྷན་དུ་རྒྱུ་ནོར་འབོར་ཆེན་རྙེད་དེ། རྟ་སྒ་དང་མཐུར་མདའ། ཤིང་ཕོར། ལྕགས་ཀྱི་སླ་ང་སོགས་དང་ད་དུང་དུར་འཇུག་བྱས་པའི་རྒོད་མ་ཞིག་ཀྱང་འདུག
འདི་ནི་ཐེངས་དང་པོར་མཚོ་འཕགས་སྨི་2800ལྷག་ཡོད་པའི་ཨེ་ཤ་ཡ་དབུས་མའི་རི་རྒྱུད་ས་ཁུལ་དུ་དྲུ་གུ་མིའི་བེམ་པོ་ཆ་ཚང་གསར་རྙེད་བྱུང་པ་རེད། ཁོབ་ཏོ་དངོས་མང་བཤམས་སྟོན་ཁང་གི་ཞིབ་འཇུག་ཆེད་མཁས་པ་སུ་ཧུ་པ་ཐོ་ཡིས་བཤད་རྒྱུར། བེམ་རོ་སྐམ་གྱུར་དེ་བུད་མེད་ཞིག་རེད་བཤད་དོན་ནི་བང་སོའི་ནང་དུ་མདའ་དང་གཞུ་མེད་པས་སོ།།