སྤྱི་ཟླ་4པའི་ཚེས་13ཉིན། ལ་ཝོ་སིའི་རྒྱལ་ས་ཝན་ཐན་དུ། མི་རྣམས་སྲང་ལམ་དུ་འདུས་ནས་ཆུ་རྩེད་དུས་ཆེན་ལ་རོལ། ད་ལོའི་སྤྱི་ཟླ་4པའི་ཚེས་13ཉིན་ནས་ཚེས་15ཉིན་གྱི་བར་ནི་ལ་ཝོ་སིའི་ཆུ་རྩེད་དུས་ཆེན་ཡིན་པ་དང་ཉིན་གསུམ་གྱི་དུས་ཡུན་རིང་འབྲེལ་ཡོད་ཀྱི་བྱེད་སྒོ་སྤེལ། མི་རྣམས་ཀྱིས་ཕན་ཚུན་ལ་ཆུ་གཏོར་བ་དང་འདས་པའི་ལོ་གཅིག་གི་ཉེས་བྱས་རྣམས་གཙང་སེལ་དང་གནམ་ལོ་གསར་པའི་ནང་བྱ་བ་ལམ་འགྲོ་ཡོང་བར་གསོལ་འདེབས་བྱས། ཆུ་རྩེད་དུས་ཆེན་གྱི་མིང་གཞན་ལ་སུང་ཀན་དུས་ཆེན་ཟེར་ལ། དེ་ནི་ལ་ཝོ་སི་ཡིའི་སྲོལ་རྒྱུན་གྱི་ལོ་གསར་དུས་ཆེན་ཆེན་ཞིག་རེད།།